མི་མང་པོ་ཞིག་གིས་སྐྲན་ནད་ཕོག་པའི་རྒྱུ་རྐྱེན་གསལ་པོ་ཤེས་ཀྱི་མེད།

WechatIMG1039.jpeg

སྐྲན་ནད་ནི་སེར་སྣ་བྱས་ཏེ་བྱུང་པ་རེད།

 

ཟས་རིགས་རུལ་བ་ཟས་ཏེ་མཆིན་པའི་འབྲས་སྐྲན་བྱུང་བ།

བ་དམ་དང་། མ་རྨོས་ལོ་ཏོག སྲན་མའི་རིགས་སོགས་ཕིང་རྩམ་འདུས་ཚད་མང་བའི་ཟས་རིགས་རུལ་རྗེས་དུས་ཐོག་ཏུ་དབྱུག་ན་ལེགས། གང་ལགས་ཤེ་ན། ཕིང་རྩམ་ལ་དྲོད་ཚད་དང་བརླན་ཆེ་བའི་ཁོར་ཡུག་ཁྲོད་མཆིན་པའི་སྐྲན་ནད་སློང་བའི་འཁྱོག་རླམ་སེར་སྲིན་ཐོན་སྲིད་པ་དང་། ཞིབ་འཇུག་མང་པོ་ལས་མངོན་པ་ལྟར་ན་འཁྱོག་རླམ་སེར་སྲིན་ནི་རྫས་འགྱུར་སྐྲན་སྐྱེད་རྫས་ཆེས་ཆེ་ཤོས་དེ་ཡིན་པ་དང་། ཧོ་ཁེ་1ནི་སྐྲན་སྐྱེད་རྫས་ཀྱི་ཚད་ཡིན་པ་རེད།  གལ་ཏེ་བ་དམ་གཅིག་ལ་སྐྱོན་ཤོར་བ་མཐོང་ན། བ་དམ་ཕོར་བ་གང་ངམ་ཡང་ན་ཁུག་མ་གང་པོ་ཁ་ཟས་སུ་སྤྱོད་མི་རུང་།

 སྔོ་ཚལ་དང་ཤིང་ཏོག་གསར་ཤོས་ཟ་མ་ཕོད་ན། སྐྲན་ནད་འབྱུང་པའི་ཉེན་ཁ་ཇེ་ཆེ་ཡིན།

 ཤིང་ཏོག་ཟས་དང་མ་ཟས་ལ་ཁྱད་མེད་པ་མ་འདོད་ལ། ཤིང་ཏོག་གི་རིན་གོང་མཐོ་བར་ཡང་མ་འདོད། ཉིན་རེར་ཤིང་ཏོག་ཁེ་200ནས་350ཙམ་ངེས་པར་ཟ་དགོས།

WechatIMG1040.jpeg

 འབྲས་སྐྲན་ནི་སྒྱིད་ལུག་ལས་བྱུང་པ་ཡིན།

 

འགུལ་སྐྱོད་དང་སྦྱོང་བརྡར་མ་བྱས་ན་འབྲས་སྐྲན་རིགས་༡༣ཙམ་ཕོག་པའི་ཉེན་ཁ་ཇེ་ཆེ་ཡིན།

 ལས་བྲེལ་ཆེ་བ་དང་ཁྱིམ་ལས་མང་པ་ཙམ་ནི་འགུལ་སྐྱོད་མི་བྱེད་པའི་རྒྱུ་རྐྱེན་ལ་བརྩི་མི་རུང་། སྒྱིད་ལུག་གི་སྤྱོད་སྟངས་དེས་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་བཏང་ཡོད།

 ཨ་རིའི་རྒྱལ་ཁབ་འབྲས་སྐྲན་ཞིབ་འཇུག་ཁང་གིས་ཤེས་རྟོགས་བྱུང་བར། འགུལ་སྐྱོད་ཆེས་ཉུང་བའི་མི་རྣམས་དང་བསྡུར་ན་འགུལ་སྐྱོད་ཆེས་མང་པའི་མི་རྣམས་ཀྱི་འབྲས་སྐྲན་ཕོག་ཚད་བརྒྱ་ཆ་༧གྱིས་དམའ་བ་རེད།

 འགུལ་སྐྱོད་ཆེས་མང་པའི་མི་རྣམས་ཀྱི་ཉིན་རེའི་མགྱོགས་འགྲོ་ཚད་ཆུ་ཚོད་༡ལས་བརྒལ་བ་དང་། དེ་དག་ལ་མིད་པའི་འབྲས་སྐྲན་ཕོག་པའི་སྲིད་ཕྱོད་ནི་བརྒྱ་ཆ་༤༢ཀྱིས་ཉུང་།  མཆིན་པའི་འབྲས་སྐྲན་ཕོག་པའི་སྲིད་ཕྱོད་བརྒྱ་ཆ་༢༧གྱིས་ཉུང་།

མཁལ་མའི་འབྲས་སྐྲན་ཕོག་པའི་སྲིད་ཕྱོད་བརྒྱ་ཆ་༢༣གྱིས་ཉུང་།

 

ལས་བྲེལ་ཅི་འདྲ་ཆེ་ནའང་འགུལ་སྐྱོད་བྱ་རྒྱུ་མ་བརྗེད། སྒྱིད་ལུག་ནི་བདེ་ཐང་གི་དགྲ་བོ་ཡིན།

 

ལུས་པོ་ཞིབ་བཤེར་དུས་ལྟར་མ་བྱས་ན་སྐྲན་ནད་བཅོས་པའི་དུས་ཚོད་ཡག་ཤོས་འཆོར་འགྲོ།

 

སྐྲན་ནད་བྱུང་བའི་མི་མང་པོ་ཞིག་ནི་ནད་རྙིང་དུ་གྱུར་བའི་རྗེས་སུ་ད་གཟོད་སྨན་ཁང་དུ་འགྲོ་ཡི་ཡོད་པ་དང་། དེ་དུས་སྨན་བཅོས་གང་ལེགས་བྱེད་ཐུབ་ཀྱི་མེད་ཅིང་སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་ཤོར་ཟིན་པ་རེད།

 བདེ་ཐང་མི་ཚོགས་ཀྱིས་ལོ་རེར་དུས་ལྟར་ལུས་པོ་ཞིབ་བཤེར་བྱེད་ཀྱི་ཡོད། སྐྲན་ནད་ཁྱིམ་རྒྱུད་ཅན་དང་ནད་རིགས་འབྱུང་ཉེན་ཡོད་པའི་མི་ཚོགས་ཀྱིས་ད་དུང་ལོ་རེར་དུས་ཚོད་ངེས་གཏན་ནང་ཆེད་དམིགས་རང་བཞིན་གྱི་བརྟག་དཔྱད་བྱེད་དགོས།    

དཔེར་ན། གློ་བའི་སྐྲན་ནད་འབྱུང་ཉེན་ཆེ་བའི་མི་རྣམས་ཀྱིས་སྦྱོར་ཚད་དམའ་བའི་དུང་འཁྱིལ་CT ཞིབ་བཤེར་བྱ་རྒྱུ་དང་།   ལོ་༢༥ཡན་གྱི་བུད་མེད་ཀྱིས་དུད་ཚོད་གཏན་ཁེལ་ནང་ནུ་རྨེན་གྱི་ཚོན་བརྒལ་ཞིབ་བཤེར་བྱ་རྒྱུ།

WechatIMG1041.jpeg

 འབྲས་སྐྲན་ནི་ཟ་མ་ཟས་ནས་བྱུང་བ་རེད།

 

༡ རྒྱུན་དུ་ཧ་ཅང་ཚ་བའི་ཟ་མ་ཟས་ན་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན།

 

དྲོད་ཚད་ཧྲེ་ཧྲེའི་ཏུའུ་༦༥ཡན་གྱི་བཏུང་བྱ་དྲོན་མོ་འཐུང་ན་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན། རྒྱུ་མཚན་ནི་རྒྱུན་དུ་ཧ་ཅང་ཚ་བའི་ཟ་མ་ཟས་ན་མིད་པའི་འབྱར་སྐྱི་འཚིག་རྨས་བྱུང་སྟེ་འབྲས་འགྱུར་ཉེན་ཁ་ཇེ་ཆེར་འགྱུར་སྲིད་པ་རེད།

 

རང་ཉིད་ཀྱི་ལུས་པོའི་དྲོད་ཚད་ལས་མཐོ་བའི་ཟ་མ་ཟ་མི་རུང་། སླ་ང་ལས་བླངས་མ་ཐག་པའི་ཞལ་ཟས་དུས་ཚོད་ཅུང་ཙམ་འགོར་རྗེས་སུ། ཁ་མི་སྲེག་པའི་ཚོད་ཙམ་ལ་ད་གཟོད་མཆོད་དགོས།  ༢ རྒྱུན་དུ་ཤའི་རིགས་དང་། བསྲེགས་ཟས། སྣུམ་བསྲེགས་སོགས་ཟས་ན་རྒྱུ་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེ་ཡིན།  སྣུམ་རིགས་དང་ཤའི་རིགས་མང་པོ་ཟ་བ་དང་། སྔོ་ཚལ་དང་འབྲུ་རྩིང་རིགས་ཟ་ཚད་ཉུང་པ། དེའི་ཐོག་འགུལ་སྐྱོད་ཉུང་དྲགས་པས། ཕོ་བའི་ནུར་འགུལ་མྱུར་ཚད་ཇེ་དལ་དུ་གྱུར་པ་དང་ཆབས་ཅིག་ཚིལ་མང་པའི་ཟས་རིགས་ཀྱིས་རྒྱུ་མའི་ནང་གི་མཁྲིས་ཁུ་སྐྱུར་གྱི་ཟགས་ཐོན་ཇེ་མང་དུ་བཏང་བ་དང་། རྒྱུ་མའི་འབྱར་སྐྱི་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་རེད། དེ་ལྟར་ཡུན་རིང་འགོར་རྗེས་རྒྱུ་མའི་འབྲས་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

  ཤའི་རིགས་འོས་འཚམ་གྱིས་ཟ་བ་དང་དང་ཟས་ཐུན་ཚང་མར་སྔོ་ཚལ་ཡོད་པ། ཉིན་རེར་ཤིང་ཏོག་ཟ་བ། འབྲུ་རིགས་རྩིང་པོའི་རིགས་ཀྱིས་བཟའ་བཏུང་གཙོ་བོའི་སུམ་ཆ་གཅིག་ཙམ་ཟིན་པར་བྱས་ན་ཆེས་ལེགས་སོ། །

 WechatIMG1042.jpeg


༣ ཀ་ར་ཟ་རྒྱུ་མང་དྲགས་ན་གཤེར་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེ་ཡིན།

ཀ་ར་ཟ་རྒྱུ་མང་དྲགས་ན་ཚད་ལས་བརྒལ་བའི་མངར་ཟས་ཀྱིས་གཤེར་མའི་འབྲས་སྐྲན་འབྱུང་བའི་སྲིད་ཕྱོད་ཇེ་ཆེར་གཏོང་སྲིད། 

ཀ་ར་ཟས་ན་གཤེར་མའི་ཕུང་རྩི་མང་པོ་ཟགས་ཏེ་གཤེར་མའི་ནུས་པར་གནོད་འཚེ་ཐེབས་ཀྱི་ཡོད་པ་དང་། དེ་ནི་གཤེར་མའི་འབྲས་སྐྲན་སློང་བའི་མངོན་མེད་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན།

 གཤེར་མའི་འབྲས་སྐྲན་ལས་གཞན་གྲོ་བ་སྟོང་པ་དང་ཟ་མ་ཟས་རྗེས་ཀྱི་ཁྲག་མངར་ཆུ་ཚད་ཀྱིས་མངལ་སྐེའི་འབྲས་སྐྲན་དང་བུ་སྣོད་ནང་སྐྱིའི་འབྲས་སྐྲན། མདོག་རྒྱུ་ནག་པོའི་སྐྲན་ནད་བྱུང་ཚད་མངོན་གསལ་གྱིས་ཇེ་ཆེར་གཏོང་སྲིད།

 བཏུང་བྱ་མངར་མོ་དང་མེར་བསྲེགས་བག་ལེབ་སོགས་མངོན་མེད་མངར་ཟས་རིགས་ལ་ཡང་མངར་ཆ་མང་པོ་འདུས་ཡོད།

 WechatIMG1043.jpeg

འབྲས་སྐྲན་ནི་གཉིད་བཅག་པ་ལས་བྱུང་།

 ཡུན་རིང་བོར་དུས་ལྟར་མ་ཉལ་བར་གཉིད་བཅག་ནས་བསྡད་པ་ནི་སྐྲན་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། གང་ལགས་ཤེ་ན། གཉིད་བཅག་ན་ལུས་པོའི་ནང་གི་ཟགས་ཐོན་སྐུལ་རྩི་འཁྲུགས་ཏེ། ཕྲ་ཕུང་རྙིང་ཚབ་གསར་བརྗེ་བྱེད་སྐབས་རྒྱུན་ལྡན་མི་ཡོང་བས། མི་ལུས་ཀྱི་ཕྲ་ཕུང་རྒྱུན་ལྡན་ཁ་ཕྲལ་བྱེད་པར་གནོད་ཀྱི་ཡོད་པ་དང་། ཕྲ་ཕུང་ཐོལ་འགྱུར་བྱུང་སྟེ་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེ་ཡིན།

 རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་ཀྱིས་སྔ་ས་ནས་མཚན་ལས་ནི་སྐྲན་ནད་སློང་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཡིན་པ་བསྟན་ཡོད། རྒྱུན་ལྡན་ལས་ཞུགས་བྱེད་མཁན་དང་མཚན་ལས་བྱེད་མཁན་གཉིས་བསྡུར་ན།

 མཚན་ལས་བྱེད་མཁན་མི་ཚོགས་ལ་འབྲས་སྐྲན་ནད་རྙིང་བྱུང་བའི་ཉེན་ཁ་བརྒྱ་ཆ་༢༤ཡིས་ཆེ་བ་དང་།འབྲས་སྐྲན་གསར་དུ་བྱུང་བའི་ཉེན་ཁ་བརྒྱ་ཆ་༤༩ཡིས་ཆེ་བ།  ད་ནས་གཉིད་བཅག་སྟེ་མཚན་འཁྱོངས་མ་བྱེད་རོགས།  དགོང་མོའི་ཆུ་ཚོད་༡༡སྟེང་ཉལ་ཏེ་ཆུ་ཚོད་༧ཀྱི་གཉིད་འདང་བར་བྱོས།


 འབྲས་སྐྲན་ནི་ཁོང་ཁྲོ་ལངས་པ་ལས་བྱུང་།

 

ཁྱེད་རང་གི་རང་གཤིས་ཀྱིས་ཀྱང་འབྲས་སྐྲན་སློང་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

མི་ལ་ལའི་རང་གཤིས་ལ་འབྲས་སྐྲན་རང་གཤིས་ཟེར་གྱི་ཡོད། མི་དེ་ཚོ་འཚོ་བའི་ཁྲོད་དུ་སྐད་ཆ་ཉུང་བ་དང་མི་དང་འབྲེལ་འདྲིས་བྱེད་མཁས་པོ་མེད། རྟག་པར་ཁོང་ཁྲོ་ཟ་རྒྱུར་དགའ། དེ་ལྟར་དུས་ཡུན་རིང་པོ་ཕྱིན་ན་རིམས་ཐར་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཏེ་འབྲས་སྐྲན་འབྱུང་བར་གོ་སྐབས་བསྐྲུན་གྱི་ཡོད།

 WechatIMG1044.jpeg

༡ ཁོང་ཁྲོ་ལང་ན་མིད་པའི་འབྲས་སྐྲན་འབྱུང་སྲིད།

བརྟག་དཔྱད་ལས་ཤེས་བར། རང་གཤིས་འཚབ་འཚུབ་ཡིན་ཞིང་ཁོང་ཁྲོ་ཟ་སླ་བའི་མི་དེ་རིགས་ལ་མིད་པའི་འབྲས་སྐྲན་འབྱུང་སླ། སྨན་བཅོས་དངོས་ཁྲོད་དུ་ཡང་དོན་དེ་བདེན་དཔང་བྱས་ཡོད་དེ། མིད་པའི་འབྲས་སྐྲན་ཕོག་པའི་མི་ལས་བརྒྱ་ཆ་བརྒྱུད་ཅུ་དགུ་བཅུ་ཚང་མ་ཨུ་ཚུགས་ཆེ་ཞིང་ངང་ཐུང་ཅན་གྱི་མི་ཤ་སྟག་ཡིན་པ་རེད།

 WechatIMG1045.jpeg


༢ ཁོང་ཁྲོ་ལང་ན་གློ་བའི་འབྲས་སྐྲན་འབྱུང་སྲིད།

 གློ་བའི་འབྲས་སྐྲན་ཆེས་སྐྲག་ས་ནི་རྡུལ་ཞག་རིགས་གསུམ་སྟེ། ཕྱི་རོལ་གྱི་མཁའ་དབུགས་སྦགས་བཙོག་ལས་བྱུང་བའི་སྨུག་རྡུལ་དང་། ཁང་པའི་ནང་རོལ་གྱི་མཁའ་དབུགས་སྦགས་བཙོག་སྟེ་གཡོས་ཁང་གི་དུ་བ་དང་ཐ་མག་གི་དུ་བ། ཁང་བའི་ནང་གི་བཟོ་བཅོས་ལས་བྱུང་བའི་སྦགས་བཙོག་བཅས་ཡིན། ད་དུང་གཅིག་ཡོད་པ་ནི་སེམས་ཀྱི་སྨུག་པ་སྟེ་སེམས་ཁམས་སྐྱིད་པོ་མེད་པ་དང་ཁོང་ཁྲོ་ཟ་བའོ། །


༣ ཁོང་ཁྲོ་ལང་ན་མངལ་སྐེའི་འབྲས་སྐྲན་འབྱུང་སྲིད།

སེམས་ཁམས་སྐྱིད་པོ་མེད་པ་ནི་ནུ་མའི་ཟུངས་བཅུད་གསོ་བའི་འཛེམ་བྱ་གཙོ་བོ་ཞིག་ཡིན། མངལ་སྐེའི་འབྲས་སྐྲན་རིམས་ནད་རིག་པའི་བརྟག་དཔྱད་འབྲས་བུ་ལྟར་ན། ཁོང་ཁྲོ་ཟ་རྒྱུར་དགའ་བ་དང་དགའ་སྐྱོ་ངེས་མེད། རྟག་ཏུ་སེམས་ཁྲལ་གྱིས་ཁེངས་ཤིང་ཡི་མུག་པའི་མི་རྣམས་ལ་མངལ་སྐེའུ་འབྲས་སྐྲན་འབྱུང་སླ་བ་དང་། ནུ་མའི་འཕར་སྐྱེ་རང་བཞིན་གྱི་ནད་རིགས་ཀྱང་མང་པོ་ཡོད་པ་རེད།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།