སྡེ་དགེའི་བྲོ་ཆེན།

སྡེ་དགེའི་བྲོ་ཆེན།


སྐྱིད་ལུང་པའི་ཕུ་དང་ལུང་པའི་མདའ།།

སྐྱིད་ལུང་པའི་ཕུ་ལ་དགོན་ཆུང་ཆགས།།

སྐྱིད་དགོན་ཆུང་ཆགས་ས་ལྷ་ལུ་དགོན།།

ལྷ་བླ་ལུ་གར་བྱོན་ཆོས་ར་དར།།

སྐྱིད་ཆོས་ར་ཉི་མ་རང་ཤར་ཤོག །


སྐྱིད་ལུང་པའི་ཕུ་དང་ལུང་པའི་མདའ།།

སྐྱིད་ལུང་པའི་སྐེད་ལ་རྫོང་ཆུང་ཆགས།།

སྐྱིད་རྫོང་ཆུང་ཆགས་ས་དཔོན་ལུ་དགོན།།

གོང་དཔོན་ལུ་གར་བྱོན་ཁྲིམས་ར་དར།།

སྐྱིད་ཁྲིམས་ར་ཉི་མ་རང་ཤར་ཤོག །


སྐྱིད་ལུང་པའི་ཕུ་དང་ལུང་པའི་མདའ།།

སྐྱིད་ལུང་པའི་མདའ་ལ་གྲོང་ཆུང་ཆགས།།

སྐྱིད་གྲོང་ཆུང་ཆགས་ས་སྲུ་ལུ་དགོན།།

མ་སྲུ་ལུ་གར་བྱོན་བྲོ་ར་དར།།

སྐྱིད་བྲོ་ར་ཉི་མ་རང་ཤར་ཤོག །


WechatIMG15.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།