རྫོགས་ཆེན་ཕུར་ཆེན།

རྫོགས་ཆེན་ཕུར་ཆེན་ནི། དུས་རབས་བཅུ་དགུ་པའི་སྨད་དུ་གྲུབ་དབང་རྫོགས་ཆེན་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རྫོགས་ཆེན་དགོན་དུ་བཙུགས་པའི་རྡོ་རྗེ་ཕུར་བའི་སྒྲུབ་ཆེན་ཞིག་སྟེ། རིག་འཛིན་འཇིགས་མེད་གླིང་པས་ཆོག་ཁྲིགས་མཛད་པའི་རྒྱུད་ལུགས་ཕུར་བའི་སྒྲུབ་གཞུང་ཉིན་བདུན་རིང་རྒྱས་འཚོགས་དང་འབྲེལ། རྗེས་ཀྱི་ཉིན་དང་པོར་རྡོ་རྗེ་ཕུར་བའི་ལྷ་ཚོགས་བཀའ་སྡོད་དང་བཅས་པའི་གར་འཆམ་དང་། ཉིན་གཉིས་པར་སྲུང་མའི་གཙོ་བོ་རྡོ་རྗེ་དྲེག་ལྡན་སོགས་ཆོས་སྐྱོང་སྐོར་གྱི་འཆམ་དང་། ཉིན་གསུམ་པར་སྨད་ལས་དགྲ་བགེགས་དཔུང་འཇོམས་ཀྱི་སྒོ་ནས་གཏོར་རྒྱག  ཉིན་བཞི་པར་སྐུ་རྗེ་གེ་སར་དཔའ་ཐུལ་ཕུ་ནུ་རླུང་རྟ་དང་བཅས་པའི་རྡོ་རྗེའི་གར་འཆམ་རྒྱས་སྤྲོས་ཆེན་པོས་མཐའ་བརྒྱན་པ་ཞིག་སྟེ། དེང་དུས་ཀྱང་སྒྲུབ་ཆེན་ཆོ་ག་གར་འཆམ་དང་བཅས་པ་སྔར་རྒྱུན་བཞིན་སླར་གསོ་བྱུང་ཡོད། གནའ་དུས་ཁམས་ཕྱོགས་སུ་རྫོགས་ཆེན་ཕུར་ཆེན་ཞེས་རོང་འབྲོག་མི་མང་མཇལ་སྐོར་དང་ཚོང་འདུས་རྒྱ་ཆེར་འཛོམས་པའི་དུས་ཆེན་གྲགས་ཆེ་བ་ཞིག་ཡིན།

WechatIMG1424.jpeg

ཕུར་པ་རྡོ་རྗེ་གཞོན་ནུ།

གེ་སར་རྒྱལ་པོ།

ཆོས་སྐྱོང་རྡོ་རྗེ་གྲགས་ལྡན།

ཕུར་ཆེན་དབུ་བཞུགས་རྫོགས་ཆེན་གླིང་བླ་རིན་པོ་ཆེ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།