མང་ཚོགས་ཀྱིས་ཕྱི་ལུགས་སྨན་བཀོལ་སྟངས་ཐད་ཀྱི་ནོར་བ།

timg-6.jpeg

མང་ཚོགས་ཀྱིས་ཕྱི་ལུགས་སྨན་བཀོལ་སྟངས་ཐད་ཀྱི་ནོར་ཚབས་ཆེན་པོ་དྲུག 

རང་ཅག་བོད་ལ་གསོ་བ་རིག་པ་དར་ནས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་དེ། བོད་མི་རིགས་ཀྱིས་དུས་ཡུན་རིང་བོའི་འཚོ་བའི་ལག་ལེན་ཁྲོད་སྨན་བཅོས་འཕྲོད་བསྟེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་མོད། ནུབ་ཕྱོགས་ནས་གནའ་བོའི་ཀི་རི་སིའི་གསོ་རིག་གི་ཕ་རྒན་དུ་འབོད་པའི་ཧེ་ཕོ་ཁུ་ར་ཏིས་ནས་བརྒྱུད་པའི་ཕྱི་ལུགས་གསོ་རིག་གམ་ནུབ་ཕྱོགས་ཀྱི་གསོ་རིག་དེ་རང་རྒྱལ་དུ་ཉེ་བའི་ལོ་ངོ་དྲུག་ཅུ་ཡས་མས་ཀྱི་རིང་ལ་དར་བ་ནས་བཟུང་མི་མང་ཤོས་ཀྱིས་བཀོལ་སྤྱོད་སྟབས་བདེ་བ་དང་ཕན་ནུས་ཆེ་བར་རློམ་གྱིན་ཡོད་ཀྱང་དེའི་ཐད་ཀྱི་ཞོར་སྐྱོན་དང་ཞན་ཆ་མང་པོ་ཞིག་གཏན་ནས་མཉམ་འཇོག་མི་བྱེད་པ་རེད། དེའི་མི་ཚད་རང་གི་ལུས་ཕུང་ལ་བདེ་མི་བདེ་འདྲ་བྱུང་ཚེ་རང་གི་ན་ལུགས་དང་ནད་རྟགས་ཁག་ཅིག་བརྙན་འཕྲིན་དང་དྲ་བ་གང་རུང་ལས་མཐོང་བའི་སྨན་རྫས་གསར་བ་དག་གི་ཚོང་འཕྲིན་ལས་སྒྲོག་པའི་ནད་རྟགས་དང་མཚུངས་ན་ཐད་ཀར་རང་གི་སྨན་པ་རང་ཉིད་བྱེད་པའི་སྣང་ཚུལ་ཧ་ཅང་མང་བས་བསྟེན་མ་ཤེས་ན་སྨན་དུག་ཏུ་འགྱུར་བའི་གནས་ལུགས་ལ་གཏན་ནས་མཉམ་འཇོག་གི་མེད། སྨན་བཀོལ་སྟངས་ཐད་ཀྱི་མི་འགྲིག་ས་མང་པོ་ཞིག་གིས་བདེ་ཐང་ལ་གནོད་པ་བསྐྱལ་ཡོང་གི་ཡོད་པའི་རྒྱུ་མཚན་ལ་གཞིགས་ཏེ་གཤམ་ནས་མང་ཚོགས་རྣམས་པར་ཕྱི་ལུགས་ཀྱི་སྨན་བཀོལ་སྟངས་ཐད་ཀྱི་མི་འགྲིག་ས་དྲུག་བཤད་རྒྱུ་ཡིན། 

མི་འགྲིག་ས་དང་པོ། སྨན་ཅི་ལྟར་གསར་བ་དང་ཅི་ལྟར་གོང་ཆེ་ན་དེ་ལྟར་བཟང་བར་སྙམ་པ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་གི་ཁྱབ་རྒྱ་ཇེ་ཆེ་དང་མི་རྣམས་ཀྱི་དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་དར་ཡིན་པས་མི་ཚང་མས་སྨན་བཅོས་ཞབས་ཞུ་ཅུང་བཟང་བོ་ཞིག་ཉམས་སུ་མྱོང་འདོད་པ་དང་སྨན་རྫས་ཀྱང་ཅུང་ལེགས་པོ་ཞིག་བཀོལ་སྙམ་པ་རེད། ཡིན་ན་ཡང་ནད་པ་མང་པོ་ཞིག་ལ་སྨན་བཀོལ་སྟངས་སྐོར་གྱི་ཤེས་བྱ་ཅུང་ཞན་པས་སྨན་ནུས་ལེགས་པར་ཐོན་མིན་གྱི་དབྱེ་འབྱེད་བྱེད་ཐབས་བྲལ་བ་ཡིན་ལ། དེའི་རྐྱེན་གྱིས་རིན་གོང་ཅི་ལྟར་ཆེ་ན་དངོས་རྫས་དེ་ལྟར་བཟང་བ་དང་། སྨན་ཡང་ཅི་ལྟར་གསར་བ་དང་ཅི་ལྟར་གོང་ཆེ་ན་དེ་ལྟར་བཟང་བར་སྙམ་པའི་ངོས་འཛིན་ཞིག་རྒྱུན་འབྱམས་སུ་སོང་འདུག  དོན་དངོས་སུ་སྨན་རྫས་ཀྱི་རིགས་ལ་བལྟ་སྐབས་སྨན་ནུས་དང་ཉེན་ཁ་ཡོད་མེད་ནི་ཆེས་གལ་ཆེ་བ་ཡིན།དར་སྔ་བའི་སྨན་ལ་ཉེན་ཁ་ཆུང་ཞིང་སྨན་ནུས་ཚད་ལྡན་ཡིན་པ་དཔེར་ན་སྨན་ཨཱ་སི་ཕིས་ལིན་ནི་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་ཡོད་ཅིང་མིག་སྔར་ད་རུང་འཕར་རྩའི་རང་བཞིན་གྱི་སྙིང་ནད་གསོ་བཅོས་ཀྱི་སྨན་གཙོ་བོ་ཡིན་པ་ལྟ་བུ་རེད།སྨན་གསར་བ་དང་གོང་མཐོན་པོ་ཡིན་པ་སྐོར་ཞིག་གི་སྨན་ནུས་ཐལ་དྲགས་པས་དུས་རྒྱུན་དུ་གནད་དོན་འགའ་ཁྱེར་ཡོང་སྟེ་དཔེར་ན་སྲིན་འགོག་གི་སྨན་རྫས་གསར་བ་མི་ཉུང་བ་ཞིག་ལ་སྲིན་འགོག་གི་ནུས་པ་ཁྱབ་ཆེ་རུ་བཏང་ཡོད་པས་འཇུ་བྱེད་སྲིན་རིགས་ཇེ་ཉུང་སོང་ནས་འཇུ་སྟོབས་ཞན་པ་ལྟ་བུ་དང་ཚོང་རར་བཀྲམས་པའི་དུས་ཡུན་ཐུང་བ།  མི་རྣམས་ལ་སྨན་དེའི་རིགས་ཀྱི་ཉེན་ཁའི་རང་བཞིན་ལ་རྒྱུས་ལོན་གསལ་བོ་མེད་པ་བཅས་ཀྱི་གནད་དོན་འབྱུང་བས་སྨན་བཀོལ་དུས་རྨོངས་ཚོད་ཀྱིས་ཅི་ལྟར་གསར་བ་དང་ཅི་ལྟར་གོང་ཆེ་ན་དེ་ལྟར་བཟང་བར་འདོད་མི་ཉན།ཅི་ནས་ཀྱང་སྨན་པའི་ཁར་ཉན་པ་དང་རང་ཉིད་ཀྱི་གནས་ཚུལ་ལ་བསྟུན་ནས་སྨན་བཀོལ་ན་བཟང་། 

མི་འགྲིག་ས་གཉིས་པ། ཚ་ལངས་པར་ཚད་པ་གཅོག་པའི་སྨན་བཀོལ་བ། ལུས་ལ་ཚ་ལངས་པའི་ཚེ་ན་ཡན་ལག་དང་རུས་ཚིགས་ན་བ།~~ ཉམས་ཞན་ཞིང་ལུས་པོ་ཐང་ཆད་པ་སོགས་འབྱུང་བས་མི་མང་པོ་ཞིག་གིས་ཚ་ལངས་སྐབས་རྒྱུན་དུ་ཚད་པ་གཅོག་པའི་སྨན་ཁོ་ན་བསྟེན་ནས་ཇེ་བདེར་ཡོང་ཐབས་བྱེད་ཀྱང་དེ་ཧ་ཅང་མི་འགྲིག~~ ཁྱད་པར་དུ་བྱིས་པར་མཚོན་ན་ཁྱིམ་བདག་མང་པོས་ཚ་ལངས་ན་ཀླད་པ་ལ་གནོད་པར་དོགས་པས་བྱིས་པ་ལ་བསྟུད་མར་ཚད་པ་གཅོག་པའི་སྨན་འཐུང་དུ་འཇུག་མོད།~ སྨན་བཀོལ་ཐབས་འདིའི་རིགས་ཀྱིས་མཇུག་འབྲས་ཚབས་ཆེན་བསླང་ཡོང་བ་གཏན་ནས་ཤེས་ཀྱི་མེད།~ སྤྱིར་ཚ་ལངས་ན་ལུས་པོ་དང་གསོ་བཅོས་ལ་ཕན་པ་གཉིས་ཡོད་པ་གཤམ་གསལ་ལྟར། དང་པོ།~ ཚ་ལངས་ན་ནད་དུག་དང་འབུ་ཕྲ་སོགས་ཀྱིས་ལུས་ལ་དཔུང་འཇུག་བྱེད་པ་འགོག་ཐུབ་སྟེ།~ ནད་དུག་དང་འབུ་ཕྲ་སོགས་ཀྱིས་ལུས་ལ་གནོད་པ་བྱས་ནས་ཕུང་གྲུབ་ཁག་ལ་གཏོར་རླག་བྱེད་པའི་སྐབས་སུ་ཚ་ལངས་སྲིད།~ དེ་ལྟར་ཚ་ལངས་པའི་དུས་སུ་རྙིང་ཚབ་གསར་བྱེད་ནུས་པ་ཇེ་མགྱོགས་དང་རིམས་འགོག་ནུས་པ་ཇེ་དྲགས།~ འགོག་གཟུགས་(བྷྲྀཊྲཱ)ཇེ་མང་དུ་འགྲོ་བར་མ་ཟད་ཕྲ་ཕུང་དཀར་པོའི་ཁྱུར་མིད་ཀྱི་ནུས་པ་དང་མཆིན་པའི་དུག་སེལ་ནུས་པ་ཇེ་ཆེར་འགྲོ་བས་ནད་དུག་སོགས་འགོག་པའི་གྲོགས་སུ་འགྱུར་བ་ཡིན་ལ།~ དེ་མིན་ནད་རྒྱུ་ཁག་ཅིག་གི་སྐྱེ་འཕེལ་ལ་བཀག་འགོག་ཀྱང་བྱེད་པས་རྒྱུ་ལམ་གཙང་དག་བྱེད་ཐུབ་པ་ཡིན། གཉིས་པ།~~ ཚ་ལངས་པས་ནད་རིགས་དབྱེ་འབྱེད་དང་བརྟག་དཔྱད་ལའང་རམ་འདེགས་བྱེད་ཐུབ་སྟེ། ནད་རིགས་དང་ནད་དུག་མི་འདྲ་བའི་ཚ་ལངས་པའི་སྣང་ཚུལ་ཡང་མི་མཚུངས།~~ དཔེར་ན་འདར་ནད་(སཱཾདྭྱ)འགོས་པའི་ནད་ལ་རྒྱུན་དུ་གཏན་ཆགས་རང་བཞིན་གྱི་ལྡང་དུབ་བྱས་ནས་ཚ་ལངས་པ་དང་འདུས་འདྲིལ་གཅོང་ནད་ལྟ་བུ་ལ་རྒྱུན་པར་ཚ་ཆུང་བ་དུས་ཡུན་རིང་བོར་ལངས་པ་རེད།~~~~ ཚད་པ་གཅོག་པ་ནི་ནད་ཐོག་བབས་སུ་གསོད་པ་དང་འདྲ་ཡང་ནད་ཀྱི་རྒྱུ་རྐྱེན་གང་ཡིན་མ་ཤེས་པར་ཚད་པ་གང་འདོད་དུ་གཞོམ་ན་ཚ་བ་གབ་པའི་ནད་སོགས་སུ་འགྱུར་ཉེན་ཆེ་བས་རྗེས་ཕྱོགས་ཀྱི་གསོ་བཅོས་ལ་བར་ཆད་བཟོ་ངེས་པ་དང་ནད་འགོག་ནུས་པ་ལའང་ཤུགས་རྐྱེན་ཐེབས་སྲིད། སྤྱིར་བཏང་ཚ་ལངས་པའི་གནས་ཚུལ་དང་ཐུག་ན་ཐོག་མར་ཚད་པ་ཆེ་འབྲིང་ཆུང་གསུམ་དགར་དགོས་ཏེ།~ ལུས་དྲོད་ཏུའུ་37.5~℃38℃་བར་ཡིན་ན་ཚད་པ་ཆུང་བ་ཡིན་ལ་ཏུའུ་38~℃39℃་བར་ཡིན་ན་ཚད་པ་འབྲིང་བོ་དང་ཏུའུ་℃39℃ཡན་ཡིན་ཚེ་ཚད་པ་ཆེ་བ་ཡིན།~~ རྒྱུན་དུ་ཚད་པ་ཆུང་བར་ཚ་སྨན་འཐུང་མི་དགོས་ཤིང་ཆུ་ཁོལ་དང་སྐོལ་གྲང་གི་ཆུ་མང་ཙམ་བཏུང་བ་དང་འཚོ་བཅུད་གསོ་བའི་སྨན་རིགས་ཅུང་གསབ་པས་ཆོག་མོད།~~ འོན་ཀྱང་ཚད་པ་ཇེ་ཆེར་འགྲོ་བར་མཉམ་འཇོག་དགོས།~ ཚད་པ་ཆེ་བ་ཡིན་པའམ་ཚ་ལངས་པའི་དུས་ཡུན་ཅུང་རིང་ན་མྱུར་དུ་སྨན་ཁང་དུ་བསྐྱལ་དགོས་ཏེ་ཏུའུ་℃39℃ཡན་གྱི་ནད་པ་དུས་ཡུན་འགྱིངས་ཚེ་དབྱང་དབུགས་དང་ལུས་ཟུངས་འཛད་པར་འགྱུར་བས་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་སྟེ་སྙིང་གི་ལས་འགན་ཇེ་ལྕིར་འགྲོ་བ་དང་ཁྲག་རྩ་སྐྲངས་པ།~ དེ་མིན་ཀླད་པར་སྐྱོན་འབྱུང་བ་དང་ཐ་ན་འཆི་ཡང་སྲིད་པ་ཡིན།~~~ ཁྱད་པར་དུ་བྱིས་པ་ལ་ཉེན་ཚབས་ཤིན་ཏུ་ཆེ་བས་རང་འདོད་ཀྱིས་ཚད་པ་གཅོག་པའི་སྨན་མི་བཀོལ་བར་སྨན་པའི་ངག་བཞིན་གསོ་བཅོས་བྱེད་པ་ཤིན་ཏུ་གལ་ཆེ། 

མི་འགྲིག་ས་གསུམ་པ། ཁོག་པ་བཤལ་བར་སྲིན་འགོག་གི་སྨན་(བྷྲྀབྼཉྞུ)བསྟེན་པ། དབྱར་དུས་ཁོག་པ་བཤལ་རྒྱུ་ཅུང་མང་བའི་དུས་ཡིན་ཞིང་མི་མི་ཉུང་བ་ཞིག་གིས་ཁོག་པ་བཤལ་ཚེ་འབུ་ཕྲ་འགོས་ཡོད་པར་དོགས་ནས་ཧྥོ་ཕེ་སཱོན་(ཀྵྣཱཥྤིབྔྷཱ)དང་དབྱང་ཧྥོ་ཧྲ་ཞིན་(ཉྴཀྵྣཱཥཱུགྜི)སོགས་སྲིན་འགོག་གི་སྨན་གྱིས་གསོ་བཅོས་བྱེད་པ་ཡིན་ལ་བྱེད་སྟངས་འདིའི་སྟེང་ནས་ཀྱང་མི་འགྲིག་ས་མང་པོ་ཞིག་ང་ཚོས་མཐོང་ཐུབ་པ་རེད། ཁོག་པ་བཤལ་བ་ནི་རྒྱུན་མཐོང་གི་ནད་རྟགས་ཤིག་སྟེ་བཤང་བ་གཏོང་ཐེངས་རྒྱུན་ལྡན་ལས་མང་བ་དང་།~ བཤང་བར་བརླན་གཤེར་གྱི་ཆ་ཅུང་མང་བས་སྐ་སླ་གཉིས་ལས་སླ་བར་གྱུར་བ་ཡིན་ལ་ཉིན་རེར་བཤང་བ་གཏོང་ཚད་ཁེ་ཉིས་བརྒྱ་ལས་བརྒལ་བ་དང་།~བཤང་བའི་ནང་དུ་འཇུ་མ་ཐུབ་པའི་སྙིགས་རོ་དང་རྣག་ཁྲག~འབྱར་བག་གི་གཤེར་ཁུ་སོགས་ཡོད་པ་རེད།~ ཁོག་པ་བཤལ་བའི་ནད་དང་བསྡོངས་ནས་བཤང་བ་འཆོར་སྙམ་བྱེད་པ་དང་གཞང་ཁ་མི་བདེ་བ། བཤང་བ་སྡོམ་པའི་ནུས་པ་ཤོར་བ་སོགས་ཀྱི་ནད་རྟགས་ཡོད།~དེ་ཡང་ཁོག་པ་བཤལ་བ་ལ་རིགས་གཉིས་སུ་དབྱེ་སྟེ་མྱུར་གཤིས་དང་དལ་གཤིས་གཉིས་ཡིན་ལ་མྱུར་གཤིས་ནད་ལྡང་སླ་ཞིང་མཇུག་བསྡུ་བའང་སླ་སྟེ་ན་ཡུན་ཕལ་ཆེར་གཟའ་འཁོར་གཉིས་ནས་གསུམ་ཡིན། དལ་གཤིས་ཀྱི་ན་ཡུན་ཟླ་གཉིས་ཡན་ཡིན་ལ་སྐབས་སྐབས་སུ་གཟའ་འཁོར་གཉིས་ནས་བཞིའི་ནང་དུ་ཡང་བསྐྱར་ནད་ལྡང་བར་བྱེད་པ་རེད། གལ་སྲིད་ཁོག་པ་བཤལ་བ་དང་ཁྱད་པར་དུ་མྱུར་གཤིས་རང་བཞིན་གྱི་ཁོག་པ་བཤལ་བ་ཡིན་ན་མྱུར་དུ་སྨན་ཁང་དུ་འགྲོ་བ་ལས་རང་གི་ཤེས་ཁུལ་གྱིས་སྲིན་འགོག་གི་སྨན་གང་བྱུང་དུ་བསྟེན་མི་ཉན་ཏེ།~ ཁོག་པ་བཤལ་བའི་ནད་ཀྱི་རྒྱུ་རྐྱེན་ལ་མི་གཙང་བའི་ཟས་སྐོམ་བསྟེན་པ་དང་འབྱིན་རྔུབ་རྒྱུ་ལམ་སྟོད་ཀྱི་ཆར་ཉེས་པ་བྱུང་བ།~ཕོ་རྒྱུའི་ཉེས་པ་འཁྲུགས་པ། མཁྲིས་ཚད་རྒྱུ་མར་བབས་པ་སོགས་རྒྱུ་རྐྱེན་གང་མང་ཞིག་ཡོད་པས་མཐའ་གཅིག་ཏུ་ཕྱིའི་འབུ་ཕྲ་འགོས་པའི་ངེས་པ་གཏན་ནས་མེད། ཡང་གཅིག་བཤད་ན་སྲིན་འགོག་གི་སྨན་བསྟེན་རྒྱུ་མང་དྲགས་ན་རྒྱུ་ལོང་ལས་ཟས་འཇུ་བར་གྲོགས་བྱེད་པའི་རྒྱུན་ལྡན་གྱི་འབུ་ཕྲའང་གསོད་པར་བྱེད་པས་ཟས་མི་འཇུ་བ་དང་ཁོག་པ་བཤལ་བ་ཇེ་བཙོག་ཏུ་འགྲོ་བ་རེད།~ལྷག་པར་ཏུ་ལོ་ལོན་དང་བྱིས་པར་ཁོག་པ་བཤལ་ན་ནད་བབས་ལ་བལྟས་ཏེ་སྨན་པར་སྟོན་དགོས་པ་དང་སྲིན་འགོག་གི་སྨན་ཙམ་འཐུང་ནས་ཆོག་ཁུལ་བྱེད་མི་རུང་། 

མི་འགྲིག་ས་བཞི་བ།~ཆམ་པ་ཕོག་ནའང་སྲིན་འགོག་གི་སྨན་བསྟེན་པ། དེང་སྐབས་ཆམ་པ་ཕོག་སྟེ་ཚ་ལངས་པ་ཙམ་གྱིས་སྲིན་འགོག་གི་སྨན་འཐུང་བ་དང་གནམ་ཁབ་རྒྱག་པ་ནི་རང་རྒྱལ་གྱི་དར་སྲོལ་ཞིག་ཡིན་ལ་ཁྱད་པར་དུ་མི་མང་པོ་ཞིག་གིས་སྲིན་འགོག་གི་སྨན་གྱིས་ཆམ་ནད་མང་ཤོས་ལ་གོ་མི་ཆོད་པ་ཤེས་བཞིན་དུ་སྨན་པར་སྲིན་འགོག་གི་སྨན་བཀོལ་བར་རེ་བ་འདོན་པ་རེད། གསོ་རིག་སྨྲ་བའི་ཁྲོད་ན་སྐད་ཆ་འདི་འདྲ་ཞིག་དར་ཡོད་དེ། ཨ་མེ་རི་ཁ་ནས་མེ་མདའ་ཉོ་ཐུབ་ཀྱང་སྲིན་འགོག་གི་སྨན་ཉོ་རྒྱུ་ཧ་ཅང་དཀོན་པོ་ཡིན་ལ་ཀྲུང་གོ་དེ་ལས་ལྡོག་པ་ཡིན་ཟེར་བ་བཞིན་སྲིན་འགོག་གི་སྨན་གྱི་གལ་ཆེའི་རང་བཞིན་དང་ཉེན་ཁའི་ཚད་ཇི་བཞིན་བཤད་ཡོད་པ་རེད། ཆམ་པ་ལ་སྤྱིའི་ཆ་ནས་སྤྱིར་བཏང་གི་ཆམ་པ་དང་ཆམ་རིམས་གཉིས་སུ་བཀར་ཞིང་སྤྱིར་བཏང་གི་ཆམ་པར་དུས་རྒྱུན་ང་ཚོས་དྲོས་འཁྱག་ཟེར་བ་དང་མང་ཆེ་བ་ནི་ལུས་པོ་འཁྱགས་པ་ལ་སྣའི་ནད་དུག་གང་རུང་གིས་བསྐྱེད་པ་ཡིན་ལ་ནད་རྟགས་ཡང་ཞིང་འགོས་ཚད་ཞན་པ་ཡིན།~ ཆམ་རིམས་ཀྱི་ནད་རྒྱུའི་གཟུགས་ནི་ཁྲག་དྭངས་རྣམ་པའི་ཆམ་རིམས་ནད་དུག་ཡིན་ལ་འགོས་ཚད་ཆེ་ཞིང་ནད་རྟགས་ལྕི་བ་དང་འགོས་ཁྱབ་ཀྱང་ཧ་ཅང་ཆེ།~ ཆམ་པའི་རིགས་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་གཉིས་ཀ་ནད་དུག་གིས་བསྐྱེད་པ་ཡིན།~ནད་དུག་འཚོ་སྡོད་བྱེད་ས་ནི་ལུས་ཀྱི་ཕྲ་ཕུང་གི་ནང་ཡིན་པས་མིག་སྔར་འཛམ་གླིང་ན་ཆམ་པའི་ནད་དུག་གསོད་ཐུབ་པའི་སྨན་རྫས་མེད་ཅིང་ཅུང་ཕན་པའི་ཐབས་ཤིག་ཡོད་པ་ནི་མིའི་ལུས་ཕུང་གི་རིམས་འགོག་མ་ལག་ལ་བརྟེན་དགོས་པ་ཡིན།~ངལ་གསོ་བ་དང་ཆུ་ཁོལ་མང་ཙམ་བཏུང་བ། ཟས་སྐོམ་རྣོ་ཞིང་ཚ་བའི་རིགས་སྤང་བ་བཅས་བྱས་ན་རིམས་འགོག་མ་ལག་ལ་འགོག་ཤུགས་སྟེར་ནུས་པས་དེ་གསོ་བཅོས་ཀྱི་ཐབས་གལ་ཆེན་ཞིག་རེད། ཡང་ཆམ་རིམས་འགའ་ཞིག་གིས་འབུ་ཕྲ་འགོས་སུ་འཇུག་པ་བདེན་ཏེ། དལ་གཤིས་ཀྱི་གློ་འགག་གི་ནད་དང་གློ་བ་དབུགས་འཚང་གི་ནད། གློ་ཡུ་གཉན་ཚད། སྙིང་རྩའི་ནད། གཅིན་སྙི་ཟ་ཁུ་སོགས་གང་རུང་ཡོད་པའི་ལོ་ལོན་དང་ནད་གཞན་གྱིས་ལུས་པོ་མནར་བཞིན་པའི་ནད་པ་རྣམས་ལ་འབུ་ཕྲ་འགོས་སླ་བས་སྲིན་འགོག་གི་སྨན་གྱིས་གསོ་དགོས་པ་བདེན་མོད། རིམས་འགོག་མ་ལག་གིས་ནད་དུག་གི་ནུས་པ་བསད་རྗེས་འབུ་ཕྲ་འགོས་པའི་གནས་ཁག་ཅིག་རང་བཞིན་གྱིས་དྲགས་པར་འགྱུར་བས་རྨོངས་ཚོད་ཀྱིས་སྲིན་འགོག་གི་སྨན་བསྟེན་ན་རིམས་འགོག་མ་ལག་གི་རྒྱུན་ལྡན་བྱེད་ནུས་ལ་བར་ཆད་བཟོ་སྲིད་པར་མ་ཟད་མཁལ་མའི་ནུས་པ་ལའང་གནོད་སྐྱོན་འབྱུང་བ་ཡིན། 

མི་འགྲིག་ས་ལྔ་བ།~ སིལ་ཁུ་སོགས་སྐོམ་ཆུས་སྨན་འཐུང་བ། མི་མང་པོ་ཞིག་གིས་རྒྱུན་ཏུ་སྟབས་བདེ་བའི་ཆེད་དམ་ཡང་ན་རོ་མངར་བའི་ཆེད་དུ་ཇ་དང་སིལ་ཁུ་སོགས་སྐོམ་ཆུ་བཀོལ་ནས་སྨན་འཐུང་བ་རེད། དོན་དངོས་སུ་དེ་ལྟར་བྱས་པས་སྨན་ནུས་ཉམས་སྲིད་ཅིང་ལུས་ཕུང་བདེ་ཐང་ལའང་གནོད་པ་བསྐྱལ་ཡོང་ངེས་ཡིན་པས་ཧ་ཅང་མི་འགྲིག སིལ་ཁུ་རིགས་གང་ལའང་ནང་དུ་འཚོ་གསོ་རྒྱུ་cདང་སིལ་སྐྱུར་ཡོད་ཅིང་སྐྱུར་བའི་རྫས་ཀྱིས་སྨན་གང་ཡིན་ཡང་ཞུ་མ་རན་གོང་ལ་ཞུ་བར་བྱེད་པས་རྒྱུ་མའི་ནང་དུ་སྨན་ཞུ་བར་བར་ཆད་བཟོ་ཞིང་སྨན་གྱི་ནུས་པ་དང་ཞུ་རྗེས་ལ་ཤུགས་རྐྱེན་ཐེབས་ཏེ་ཞོར་སྐྱོན་འབྱུང་བ་ཡིན། ད་རུང་ཁྱད་པར་ཅན་གྱི་སིལ་ཁུ་སྟེ་རྒུན་འབྲུམ་སྐྱུར་ཁུ་(ཧྲིཾསྔྱུ柚བྺ)དང་པེ་ཧྲི་ཁུ་ལི་(ཇངྦྷབྻཱུཙླྀ)སོགས་ཀྱིས་མཆིན་པས་མཱེས་གསར་བྱེད་པ་ལ་གཏོར་བརླག་ཚབས་ཆེན་བྱེད་ཅིང་སྨན་རྫས་ཀྱི་གསར་འབྱེད་ཇེ་ཉུང་དང་དུག་གཤིས་ཇེ་ཆེར་གཏོང་བ་རེད། སྨན་རྫས་ཧྭོན་པོ་སུའུ་(ཏྲཱུཾཀྱཕིྀ)དང་ཧྥོ་ཁང་ཙོ་(ཀྵྣཱབྷྲི唑)ཡི་རིགས་ཀྱི་སྨན་བསྟེན་སྐབས་སིལ་ཁུ་དེའི་རིགས་གཏན་ནས་བཏུང་མི་ཉན། གཞན་ད་དུང་འོ་མའི་ནང་དུ་ཀཱལ་(ཁྑཱ)དང་མཱེ་(རྫྱཾ)འདུས་པས་ཕོ་རྒྱུའི་ནང་གི་མེ་དྲོད་ཀྱི་སྟོབས་དང་འཕྲད་པས་སྲིན་འགོག་གི་སྨན་རིགས་ཏེ་ཁཱང་ཧྲིན་སུའུ་(བྷྲྀ࿄ཕིྀ)ཡི་ནུས་པ་ཉམས་པར་བྱེད་པ་དང་། ལིན་སྐྱུར་ཚྭའི་(ཛྷཱབྔྷཱངྱཻ)རིགས་དང་བཞུ་འབྱེད་བྱེད་ཐུབ་པས་ལིན་སྐྱུར་ཚྭའི་སྨན་ནུས་ཇེ་ཞན་དུ་གཏོང་བ་རེད།~ དེ་མིན་ཁྲག་ཞན་པའི་(ཧྃངྒཾ)ནད་པས་ཁྲག་གསབ་སྨན་བཏུང་བྱེད་འོ་མ་བྱེད་མི་ཉན་ཏེ། ཁྲག་ཞན་པ་ནི་ཁྲག་ལ་མཁོ་བའི་ལྕགས་རིགས་གཞི་རྒྱུ་སོགས་མ་འདང་བ་ཡིན་པས་འོ་མས་སྨན་བཏུང་ན་ལྕགས་རིགས་གཞི་རྒྱུ་འཇུ་བར་བཀག་འགོག་ཐེབས་ངེས་ཡིན། ཇ་ཡང་སིལ་ཁུ་དག་དང་འདྲ་བར་མཱེས་དང་འདྲེས་སྦྱོར་ཐུབ་པས་སྨན་ནུས་ཇེ་ཞན་དང་དུག་གཤིས་ཇེ་ཆེར་གཏོང་སྲིད་པ་ཡིན།~ གཞན་ཡང་སྨན་འཐུང་བའི་དུས་སུ་ཆང་འཐུང་བ་ཡིན་ན་མཆིན་པར་གནོད་པ་ཚབས་ཆེན་ཐེབས་པ་རེད། མདོར་ན་སྨན་འཐུང་བྱེད་སིལ་ཁུ་དང་འོ་མ། ཇ་དང་ཆང་སོགས་གང་ཡང་མི་རུང་ལ་ཆུ་ཁོལ་གྱིས་སྨན་བཏུང་བ་ཤིན་ཏུ་བཟང་།~ཆུ་ཁོལ་དེ་ཡང་ཧ་ཅང་ཁོལ་མ་དང་དྲོན་མོ། སྐོལ་གྲང་སོགས་སུ་དབྱེ་ནས་སྨན་འཐུང་དགོས་སྟེ། དཔེར་ན་ནད་གཞི་གྲང་བའི་ཁག་ལ་ཁོལ་མ་དང་དྲོན་མོ་བཀོལ་དགོས་ཤིང་ནད་གཞི་ཚ་བའི་རིགས་ལ་སྐོལ་གྲང་གིས་སྨན་བཏུང་དགོས་པ་ཡིན། དམིགས་བསལ་གྱིས་ཀ་ར་དང་བུ་རམ།~ སྦྲང་རྩི་སོགས་ཀྱི་སྨན་རྟས་ཁ་བསྒྱུར་དགོས་པའང་ཡོད་པས་སྨན་པའི་ངག་ལས་ཤེས་དགོས་ཤིང་བྱིས་པར་སྨན་ཁ་མོ་འཐུང་དུ་འཇུག་ཆེད་སྨན་རྫས་ཀྱི་གསལ་བཤད་ཡི་གེར་ནན་གྱིས་བལྟས་ཏེ་ཀ་ར་དཀར་པོ་ཆུ་ཁོལ་ནང་བཏབ་ནས་སྨན་འཐུང་ཡང་ཆོག་པ་ཡིན། 

མི་འགྲིག་ས་དྲུག་པ།~ ཕྱི་ལུགས་ཀྱི་སྨན་ལ་ཞོར་སྐྱོན་ཆེ་བ་དང་ཀྲུང་སྨན་དང་བོད་སྨན་ལ་ཞོར་སྐྱོན་མེད་པར་འདོད་པ། མི་མང་པོས་ཤེས་གསལ་ལྟར་ཕྱི་ལུགས་ཀྱི་སྨན་ལ་ཞོར་སྐྱོན་ཆེ་བ་དང་སྣང་ཆུང་བྱེད་མི་ཉན་པ་བདེན་ཏེ་དཔེར་ན།~འབྲས་ནད་ཀྱི་སྨན་མང་ཆེ་བས་སྐྱུག་པ་དང་སྐྲ་བྱི་བ།~ ཉམ་ཆུང་བར་བྱེད་པ་དང་། སྲིན་འགོག་གི་སྨན་གྱིས་ཚོར་ཐལ་རང་བཞིན་གྱི་ཧྲོ་ཁུའི་ནད་(ཎྃྞྃྷྱལྀཾགྥིགྺིམཾ) སློང་ཞིང་མཆིན་པ་དང་མཁལ་མར་སྐྱོན་འབྱུང་བ་ལྟ་བུ་སོགས་རེད། དེ་བས་མི་མང་པོ་ཞིག་གིས་ཀྲུང་སྨན་དང་བོད་སྨན་ལ་ཞོར་སྐྱོན་མེད་པར་སྙམ་ཀྱང་དོན་དངོས་སུ་སྨན་ཡང་དུག་ལ་དུག་ཀྱང་སྨན་ཟེར་བ་དང་འཐུང་མ་ཤེས་ན་སྨན་ཡང་དུག་ཏུ་འགྱུར་ཞེས་པའི་གནས་ལུགས་གཏན་ནས་ཤེས་ཀྱི་མེད། མིག་སྔར་ཚ་ཚ་འུར་འུར་དུ་གྲགས་པའི་ཀྲུང་སྨན་ལུང་དན་ཞེ་ཀན་བཱན་(ཞྭོརྩགྪེཁྷིཀྪེ)དང་ཡུས་ཞིན་ཚོ་(དྣུགྜེལྗི)གཉིས་ཀྱི་དོན་རྐྱེན་གྱིས་མི་རྣམས་ལ་ཉེན་བརྡ་ཞིག་བསྒྲགས་པ་རེད།~ ལུང་དན་ཞེ་ཤན་བཱན་དང་ཡུས་ཞིན་ཚོ་གཉིས་ཀའི་ཕན་ཆད་ཀྱི་ཀྲུང་སྨན་གཞན་ལའང་ཞོར་སྐྱོན་ཧ་ཅང་མང་སྟེ། རྒྱའི་སྔོ་སྨན་རྩ་འགྲེལ་(ལྐལྗིགྭེལློ)དུ་ཡང་མྱོང་གྲུབ་ཀྱི་སྒོ་ནས་དུག་ཆེན་དང་དུག་ཆུང་།~ དུག་ལྡན་གསུམ་དུ་བཀར་ནས་བཤད་ཡོད་པ་ལྟ་བུ་རེད།~ ནད་ཐོག་ལག་ལེན་ཁྲོད་དུ་ཀྲུང་སྨན་འགའ་ལ་དུག་གཤིས་མེད་པར་འདོད་ཀྱང་ཐུན་ཚད་ལས་བརྒལ་ན་མི་ལེགས་པའི་མངོན་ཚུལ་འདྲ་འབྱུང་སྟེ།~ དཔེར་ན་གློ་ལུ་འཇོག་པའི་མངར་ཁུ་(བྶུབྔྷིསྔྱོནཱེ)བསྟེན་ཚད་མང་ན་སྙིང་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང།~ སྐྱུག་པ་སློང་བར་བྱེད་པ་ལྟ་བུ་རེད།~ གཞན་ཡང་མཆིན་ཚད་ཀྱི་ཀྲུང་སྨན་མང་ཆེ་བའི་ནུས་པ་བསིལ་དྲགས་པ་དང་རོ་ཁ་བས་ཕོ་བའི་བེ་སྣབས་ལ་གནོད་སྐྱོན་ངེས་ཅན་ཐེབས་སྲིད་པ་ཡིན་ལ་རྒྱུན་དུ་བསྟེན་པས་སྐྱུག་མེར་ལངས་པ་དང་ཡི་ག་འཆུས་པ།~ དེ་མིན་ནད་བབས་ཇེ་ལྕིར་འགྲོ་བ་ཡིན། བོད་སྨན་ལའང་ཞོར་སྐྱོནཡོད་དེ་བོད་ཀྱི་སྨན་ལས་མཁས་པ་དག་གིས་བཤད་རྒྱུར། བོད་སྨན་ལ་ཞོར་སྐྱོན་མེད་ཟེར་བ་ནི་བོད་སྨན་ལ་ནུས་པ་མེད་ཅེས་ཟེར་བ་དང་མཚུངས་པས་ནུས་བ་ཡོད་ན་ཞོར་སྐྱོན་ཀྱང་ངེས་པར་དུ་ཡོད་པ་ཡིན་ཞེས་གསུངས་པ་བཞིན་ཞོར་སྐྱོན་ཡོད་པ་རེད།~ དཔེར་ན་གླ་རྩི་འདུས་པའི་སྨན་རིགས་འཐུང་དྲགས་ན་སོ་ལྷུང་བར་བྱེད་པ་དང་ཁྱུང་ལྔ་གཙོ་བྱས་པའི་གཉན་སྲིན་གྱི་སྨན་འཐུང་རྒྱུ་མང་ན་བརྗེད་ངེས་ཆེ་བར་འགྱུར་བ་དང་།~ཛཱ་ཏི་སྤྱིར་རླུང་ལ་ཕན་མོད་ཐུན་ཚད་ཆེས་ན་རླུང་འཇོམས་པ་ཕར་ཞོག་རླུང་འགོ་ཤོར་ནས་གཉིད་མི་ཡོང་བ་སོགས་ཀྱི་སྐྱོན་འབྱུང་ཞིང་། མཁྲིས་ཚད་ཀྱི་སྨན་དང་གྲང་གཞིའི་སྨན་འཐུང་རྒྱུ་མང་ན་ཕོ་བར་གནོད་པའང་ནད་པའི་མྱོང་གྲུབ་དངོས་ཡིན་པས་བོད་སྨན་འཐུང་ནའང་སྨན་པའི་ངག་བཀོལ་ལྟར་བསྟེན་པ་ཤིན་ཏུ་གལ་ཆེ། ~ མདོར་ན་ཕྱི་ལུགས་ཀྱི་སྨན་དང་ཀྲུང་སྨན། བོད་སྨན་སོགས་གང་ཞིག་ཡིན་ཡང་ཞོར་སྐྱོན་ཡོད་པས་ཚང་མས་མཉམ་འཇོག་རྒྱུ་ཞིག་ལ་ནད་གཞི་ཆུང་ཆུང་ཞིག་ན་སྐབས་ཁ་ཟས་དང་སྤྱོད་ལམ་གྱི་སྒོ་ནས་བཅའ་ནུས་ཚོད་ཀྱིས་བཅའ་དགོས་པ་ལས་སྨན་གང་བྱུང་དུ་མ་འཐུང་ན་བཟང་། གལ་ཏེ་སྨན་བཀོལ་དགོས་ན་ངེས་པར་དུ་གཟབ་ནན་གྱིས་སྨན་པའི་བཤད་པ་ཇི་བཞིན་སྨན་བཏུང་བ་ལས་རང་འདོད་ཀྱིས་སྨན་ཐུན་བཟོ་བཅོས་བྱས་ནས་འཐུང་མི་རུང་།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།