རྫོགས་ཆེན་དགོན་གྱི་ཆོས་བརྡ།

WechatIMG51.jpeg

WechatIMG1.jpeg


༧ སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་ནས་མེ་བྱ་ཧོར་ཟླ་བཞི་པའི་ཚེས་བདུན་ནས་ཟླ་བ་གཅིག་ཙམ་རིང་། རྫོགས་ཆེན་དགོན་གཞུང་གཙུག་ལག་ཁང་དུ་གྲྭ་མང་ཡོངས་ལ་ཀར་གླིང་ཞི་ཁྲོའི་ལས་བྱང་འགྲེལ་བ་ཀུན་བཟང་དགོངས་རྒྱན་སོགས་བསྐྱེད་རྫོགས་སྐོར་གྱི་བཀའ་ཆོས་རྒྱས་ཁྲིད་དང་།  བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་གཅིག་གི་རིང་། སྐྱབས་རྗེ་མཆོག་ནས་རྫོགས་ཆེན་ནགས་ཁྲོད་སྒྲུབ་གྲྭ་གསང་ཆེན་ངེས་དོན་གླིང་དུ་བསྟན་པ་ཡང་དར་སྐབས་ཀྱི་ཐོག་མའི་ཆོས་ཁྲིད་ལ།  རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་འགྲེལ་བ་གྲུབ་དབང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ཞལ་སྔ་ནས་མཛད་པ་རྒྱས་འགྲེལ་ཁྲིད་སྦྱང་བཅས་པ་གནང་རྒྱུ། བཀའ་ཆོས་འདི་ཉིད་ལ་སྔོན་འགྲོའི་བསགས་སྦྱང་གྲུབ་པའམ་དམ་འཆའ་ནུས་ཀྱི་རབ་སྔགས་ཇོ་བཙུན་ཆོས་པ་ཚུལ་ལྡན་དག་ཞུགས་ཆོག་པ་ཡིན།  གཞན་འདི་ལོའི་སྟོན་དགུན་དུས་མཚམས་ལ་རྫོགས་ཆེན་ཕོ་བྲང་དུ་སྐྱ་སེར་སྔོན་འགྲོའི་ཉམས་ལེན་བྱས་ཟིན་པ་དང་བྱེད་བཞིན་པ་དག་ལ་བར་དོའི་དྲུག་ཁྲིད་གསུང་རྒྱུ་བཅས་ཐུགས་གཏན་ཁེལ་བ་དོན་གཉེར་ཅན་ཡོངས་ནས་ངེས་གནང་ཞུ། །

སྔ་འགྱུར་རྫོགས་ཆེན་དགོན་གཞུང་ལས་ཁང་ནས།  མེ་བྱ་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ཉིན་སྤེལ།


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།