གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་སྐུ་རབས་རིམ་བྱོན།

WechatIMG47.jpeg

ཧྲྰིཿ   སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན།།

འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི།།

ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས།།

པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས།།

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།

http://www.dzogchendrapa.com/people/2017-02-05/5.html  རྣམ་ཐར།


གཞི་གསུམ་རྩ་བ་བརྟན་པའི་བློ་གྲོས་བཟང་།།

རྙིང་བསྟན་མདོ་སྨད་སྤེལ་ལ་སྨོན་ལམ་གྱི།།

མཐུ་གྲུབ་པདྨའི་རིག་པ་འཛིན་པ་དང་།།

འགྱུར་མེད་ཐེག་མཆོག་ཞབས་ལ་གསོལ་བ་འདེབས།།

http://www.dzogchendrapa.com/people/2017-02-05/6.html  རྣམ་ཐར།


WechatIMG49.jpeg

སྔ་འགྱུར་བསྟན་པའི་རྩ་བ་མདོ་སྒྱུ་སེམས།།

ཡང་ཕུར་སངས་རྒྱས་མཉམ་པར་སྦྱོར་ལ་སོགས།།

བཀའ་མའི་སྒྲུབ་ཆེན་ཕྲིན་ལས་སྲོལ་གཏོད་པ།།

ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས།།

http://www.dzogchendrapa.com/people/2017-02-05/7.html  རྣམ་ཐར།


WechatIMG50.jpeg

དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་།།

འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ།།

དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་བའི་སྐུ།།

མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས།།

http://www.dzogchendrapa.com/people/2017-02-05/8.html  རྣམ་ཐར།


WechatIMG87.jpeg

སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།


དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས།།

བརྩེ་བའི་སྙིང་རྗེ་འོད་སྟོང་འབར་བའི་གཟིས།།

འགྲོ་རྣམས་མུན་པའི་སྨག་རུམ་སེལ་མཛད་པ།།

ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས།།

http://www.dzogchendrapa.com/people/2017-02-05/9.html རྣམ་ཐར།

རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་།།

འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན་ཞབས།།

དབྱེར་མེད་རིགས་བརྒྱའི་ཁྱབ་བདག་སྤྲུལ་བའི་སྐུ།།

འཇིགས་བྲལ་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས།།

http://www.dzogchendrapa.com/people/2017-02-05/10.html རྣམ་ཐར།


སྔོན་ཚེ་བདེ་གཤེགས་རིན་ཆེན་གཙུག་ཕུད་འཛིན།།

སྙིགས་དུས་ངུར་སྨིག་འཆང་བ་ཤཀྱྰའི་སྲས།།

ཡིད་བཞིན་ནོར་མཆོག་གྲུབ་དབང་རྫོགས་ཆེན་པ།།

པདྨ་གར་གྱི་དབང་ཕྱུག་ལ་གསོལ་ལ་གསོལ་བ་འདེབས།།

ཐུབ་བསྟན་སྙིང་པོ་ལུང་རྟོགས་དམ་པའི་ཆོས།།

བཤད་དང་སྒྲུབ་པས་འཛིན་པའི་རྨད་བྱུང་ཁྲིར།།

ཞབས་པད་རྡོ་རྗེའི་ཁམས་སུ་རྟག་བརྟན་ནས།།

ཐུགས་བཞེད་ལྷུན་འགྲུབ་བསྟན་པ་མཐའ་རྒྱས་ཤོག།

 http://www.dzogchendrapa.com/people/2017-02-09/31.html  རྣམ་ཐར།