ལྷག་བསམ་དཀར་པོ། གནམ་མཚོ།

WechatIMG2237.jpeg

ལྷག་བསམ་དཀར་པོ།




ཚིག  སྒོ་མེ་དོན་ཚེ།

གདངས།  སྙིང་རྩེ་རྒྱལ།

གཞས་མ།གནམ་མཚོ།


ལྷག་བསམ་དཀར་པོ།

འགྲོ་བ་ཡོངས་ལ་བཅངས།

འགྲོ་བ་སེམས་ཅན།

སེམས་ལ་སྒོམ་དགོས་ཡོད།

སེམས་པ་དཀར་པོ།

ནད་པའི་ལུས་ལ་འཆང་།

མི་འདོད་རིམས་ནད་ཕྱོགས་སུ་མཆེད་དུས་སུ།

ཕྱི་ཡི་མཐུན་སྒྲིལ་གྲུ་བཞི་ཤོ་འདྲ་ཡོད།

 

མཛའ་བརྩེ་ཟབ་མོ།

རིགས་ཀྱི་སྤུན་ལ་བཅངས།                  

བརྩེ་བའི་རང་མདངས།

གངས་ལས་དཀར་དགོས་ཀྱི།

ནད་ངན་དུག་རིགས།

རྒྱང་བསྐྲོད་བྱ་དགོས་ཀྱི།                          

མི་འདོད་རིམས་ནད་ཕྱོགས་སུ་མཆེད་དུས་སུ།

ནང་གི་མཐུན་སྒྲིལ་གོར་མོ་རྔ་འདྲ་ཡོད།

 

བདག་ལས་གཞན་གཅེས།

བོད་མིའི་སེམས་སུ་བཅངས།


སེམས་ཀྱི་དབུས་སུ།

རང་ཡུལ་སྒོམ་དགོས་ཀྱི།

བོད་ཡུལ་རྟའུ།

ནད་ལས་རྒྱལ་བར་ཤོག

མི་འདོད་རིམས་ནད་ཕྱོགས་སུ་མཆེད་དུས་སུ།

བར་གྱི་མཐུན་སྒྲིལ་སྔོན་མོ་ལྕགས་འདྲ་ཡོད།