༄༅། །རྗེ་རིན་པོ་ཆེས་མཛད་པའི་འཇམ་དབྱངས་བསྟོད་པ་བཞུགས་སོ།།

u=3887372329,2020703371&fm=26&gp=0.jpg

༄༅། མཚམས་སྤྲིན་གཞོན་ནུའི་མདངས་བཞིན་མཛེས་པའི་སྐུ།

འཆི་མེད་བདག་པོའི་དབྱངས་ལྟར་སྙན་པའི་གསུང་། །

ཆུ་གཏེར་ཆེན་པོའི་ཀླུང་བཞིན་ཟབ་པའི་ཐུགས། །

འཇམ་དབྱངས་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །

རབ་འབྱམས་བསྐལ་བ་གྲངས་མེད་རྒྱལ་བ་ལ། །

རབ་འབྱམས་ཞིང་དུ་དཔག་མེད་ལེགས་བཤད་ཚོགས། །

རབ་འབྱམས་བརྩོན་པས་ཐོས་པའི་མཐར་སོན་པའི། །

མཚུངས་མེད་མཁྱེན་པའི་དབང་ཕྱུག་ཁྱོད་ལ་འདུད། །

འཁོར་བའི་ཐ་མའི་མཚམས་གང་ཇི་སྲིད་པ། །

དེ་སྲིད་ཉམ་ཐག་འགྲོ་ཀུན་བསྐྱབ་པའི་ཕྱིར། །

སེམས་ཅན་ཁུར་ཆེན་ཁྱེར་བས་མི་ངལ་བའི། །

མཚུངས་མེད་སྙིང་རྗེའི་དབང་ཕྱུག་ཁྱོད་ལ་འདུད། །

རྒྱལ་སྲས་ཐུ་བོ་སྐུ་ཡིས་ཞིང་ཀུན་ཏུ། །

རྨད་བྱུང་བཀོད་པའི་མཛད་པ་རྒྱ་མཚོ་ལས། །

སྐྲ་རྩེས་བླངས་པའི་ཆ་ཤས་ཕྲ་མོ་ཙམ། །

མཁའ་མཉམ་འགྲོ་བའི་དོན་དུ་འདི་བཀོད་པས། །

ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། །

ཐེག་མཆོག་སྟོན་པའི་བཤེས་གཉེན་མཛད་པ་དང་། །

སྡུག་བསྔལ་རྒྱ་མཚོར་བྱིང་བའི་དྲིན་ཅན་རྣམས། །

མ་ལུས་སྒྲོལ་ལ་འཇམ་དབྱངས་འདྲ་བར་ཤོག །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།