༈ཁྱབ་བདག་རྫོཊ་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེར་བསྔཊ་པ་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས།

18391698511479_.pic_hd.jpg

ཁྱབ་བདག་རྫོཊ་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེར་བསྔཊ་པ་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས་ཞེས་བྱ་བ། 


ཀ་དག་ཁྲེཊ་ཆོད་ཚངས་དབྱངས་དབྱར་རྔ་རུ་དམ་པད་མའི་ལུང་ནས་བསྒྲཊ།།

ཐེག་དགུའི་དྭངས་བཅུད་སྦྲང་ཆར་ཟིལ་མ་ཕངས་མེད་སྐལ་ལྡན་གསོས་སུ་ཕབ།།

གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་ཆོས་དུང་གཅིག་གི་འོག་ནས་འཆད།།

ངོ་མཚར་ཆེ་འོ་ལས་སྨོན་དུས་བབས་ངེས་དོན་བསྟན་འཛིན་ཁྱེད་མིན་སུ།།


མ་སྨད་ལུང་རྟོཊ་གདུཊ་དཀར་རིས།།

མི་ཉམས་སྲིད་རྩེར་བསྒྲེངས་པའི་མཐུས།།

དད་གསུམ་མེ་ཏོག་དགོད་པའི་ཟིལ།།

ཡིད་ཀྱི་སྤང་དུ་ཡང་ཡང་ལྷམ།།


གང་སྐུ་རིན་ཆེན་གསེར་རིའི་དཔལ་འཕྲོག་བཅུ་དྲུག་གཞོན་ནུའི་ལང་ཚོ་སྒེག།

བཀའ་གཏེར་ཆུ་བོ་གཅིག་ཏུ་འདྲེས་པའི་རྡོ་རྗེའི་ལེཊ་གསུང་རྣ་བར་འཇེབས།།

སྡོམ་གསུམ་འགལ་མེད་ཉམས་ལེན་ཟབ་མོས་གཞུང་ལུཊ་ཐམས་ཅད་གདམས་པར་ཤར།།

ཉེས་སྐྱོན་ར་རིའི་དྲི་བྲལ་ཟླ་བ་ཀུན་དགའི་དཔྱིད་དུ་རྟག་འཆར་སྨོན།།


ཐུན་བཞིའི་རྣལ་འབྱོར་ཉལ་འགྲོའི་སྤུན།།

མཛད་འཕྲིན་ཉི་ཟླ་གོ་ལའི་གདུཊ།།

སྤངས་རྟོཊ་གསལ་སྟོང་ཟུང་འཇུག་གིས།།

མཁས་གྲུབ་བྱེ་བའི་བླ་རུ་འཕཊ།།


ས་དགེ་བཀའ་རྙིང་ཀུན་མཁྱེན་རྣམ་པའི་ཚིག་འགྲེལ་ལོ་མ་ཕྱོཊ་གཅིག་སྤུངས།།

སྔ་རབས་ཕྱི་རབས་ཡིག་ཆའི་འཛིན་མཚམས་རང་གིས་གསར་གཏོད་ཡིན་ནོ་ལོ།།

ངུ་ཡང་སྐྱེན་ལ་དགོད་ཀྱང་འཆོར་བའི་ལྔ་བརྒྱ་ཐ་མའི་ཡང་མཐའ་འདིར།།

ཆོས་ཕུང་བརྒྱད་ཁྲིའི་དགོངས་དོན་དམར་དམར་སྟན་ཐོག་གཅིག་ཏུ་སྒོམ་ཚུལ་བདམས།།


ཆེར་བསྙེཊ་ཉེར་དགུའི་སྨག་རུམ་དུ།།

སྲིན་བུ་མེ་ཁྱེར་ཉི་མར་བརྫུས།།

ལོག་རྟོག་ར་རིས་བཟི་བའི་ཚེ།།

ཁྱེད་ཀྱིས་འཁོར་འདས་གསལ་བར་མཛད།།


བསྐལ་མང་ཚོཊ་ཟུང་འོ་མཚོ་བསྲུབས་ལས་ལེཊ་འཁྲུངས་བརྩེ་ཆེན་བཅོ་ལྔའི་ཟླས།།

རིས་མེད་འགྲོ་ཀུན་མ་རིག་མུན་པ་རྨང་ནས་རྒུལ་ཞིང་བསལ་བའི་རླབས།།

ཤེས་ལྡན་སྙིང་གི་འཁྲི་ཤིང་ལ་བབས་ཡི་རང་མུ་ཏིག་དོག་པོའི་ཟིལ།།

མྱང་འདས་སྒྱུ་མའི་གྲོང་ཁྱེར་ཁྲ་ཁྲར་གཞོམ་མེད་གཡུང་དྲུང་རིས་སུ་བྲིས།།


དབྱངས་བདུན་རྫོཊ་པའི་མཚོ་བྱུང་ངག།

ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྱན།

ལྕེ་བརྒྱ་པས་ཀྱང་ཁྱེད་ཀྱི་ཡོན།།

སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།།


མངོན་མཁྱེན་འུག་པའི་རྫུན་དྲུག་མིག་གིས་ཁྱི་ལུད་དར་བཏུམས་མ་མཛད་ཅིང་།།

མྱི་ངོ་རྒྱུ་ངོ་སྨད་འཚོང་འཛུམ་མདངས་ཆཊ་ཚོར་ཆང་གིས་མ་བསུས་པར།།

ཤེས་འཇོན་གཉིས་ལྡན་གསེར་རིའི་ཕྲེང་བ་ཁ་བའི་ལྗོངས་སུ་དྲངས་དང་ལྷན།།

སྔ་འགྱུར་རྒྱལ་བ་རྫོཊ་ཆེན་པ་ཡི་བསྟན་པའི་ཁ་ལས་མཁའ་རུ་བསྒྲེངས།།


ལས་སྨོན་ཛ་ཧུའི་བུ་མོའི་རྒྱུན།།

གླིང་ལྔ་མཚོ་བཞིའི་ཁྱོན་དུ་ཁྱབ།།

འཕྲིན་ལས་གསེར་གྱི་རྔ་ཡབ་ལ།།

ལྷ་རྣམ་དགྱེས་པའི་མེ་ཏོག་འཐོར།།


ལས་རླུང་ཀུན་རྟོག་དྲྭ་བའི་ནཊ་སུ་མཚན་འཛིན་ཚང་ཚིང་འཁྲིཊ་པའི་འགྲོ།།

རྟོན་བཞི་ལོག་པར་སྒྲུབ་ལ་དགྱེས་པའི་སེམས་བྱུང་ནད་ཀྱིས་མནར་བའི་སྐབས།།

བགྲང་ཡས་ཤེས་རིག་ཟབ་གནད་མར་ལོ་ངང་པས་ཆུ་ལས་འོ་མ་བཞིན།།

མཁས་བླུན་བྱེ་བའི་བསོད་ནམས་བགོ་སྐལ་ཕངས་མེད་གནང་བ་བརྗེད་མི་བྲ།།


ཚན་རྩལ་དུག་ལྡན་མེ་ཏོག་འདབ།།

མཚར་སྡུག་མངའ་ཡང་ཞོར་སྐྱོན་མང་།།

ལུཊ་གཉིས་བསླབ་བྱ་ཐོག་ཆར།།

ལྷག་བློའི་མཁའ་ལས་འབྱོ་འདིས་འཚེང་།།


སྙན་པའི་ངག་གི་པི་ཝང་རྒྱུད་སྐུད་སྒང་དྲུག་རི་བོའི་སུལ་ནས་བརྡུངས།།

གསལ་དག་མཛེས་གསུམ་འཇོ་སྒེག་རྫོཊ་པའི་སྡེ་བྲིས་འཇའ་རིས་པིར་རྩེར་ལུད།།

སྒྱུ་རྩལ་གཏམ་གྱི་ལོ་ཆང་མངར་མོས་ཤེས་ལྡན་ཡིད་ཀྱི་གཏན་པ་ཕྲོཊ།།

གང་ལ་གང་འདུལ་དེ་ལ་དེར་སྟོན་ཐབས་མཁས་ཐུཊ་རྗེ་ཅན་དེར་གུས།།


ཀུན་རྫོབ་བུ་མོར་དམན་ལྟ་ཞིང་།།

དོན་དམ་བུ་ལོར་མཆོག་འཛིན་པའི།།

ལོག་རྟོག་འདམ་ལས་ལེཊ་ཐར་བའི།།

པད་དཀར་ལྟར་བསྔཊ་ཁྱེད་ཉིད་བསྙེན།།


དམྱལ་བའི་འཇིཊ་བསྐུལ་བྲེ་མོའི་གཏམ་གྱིས་དུས་མཐའི་མི་རྣམས་མ་གྲོལ་ཞིང་།།

ཐ་སྙད་ཚིག་འཁྲི་ལྡུམ་ལོ་སྐམ་པོས་ཆོས་བརྒྱད་ཚ་གདུང་མ་སེལ་བར།།

ཆོས་མིན་སྲིད་མིན་སད་དང་སེར་བས་ལུཊ་ཟུང་མེ་ཏོག་བཅོམ་པའི་ཚེ།།

བསྐལ་མང་རྙེད་དཀའ་མཁའ་འགྲོའི་ཞལ་རླངས་ཕངས་མེད་གནང་ནོ་བཀའ་དྲིན་ཆེ།།


ཡོན་ཏན་རྒྱ་མཚོའི་ཕ་མཐའི་མཁའ།།

ཇི་ལྟར་གཞལ་ན་དེ་ལྟར་དུ།།

འཛད་པའི་མཐའ་ཞིག་མི་འདུག་པས།།

སྨོན་འདུན་དྲག་པོས་མཚམས་འཇོག་བྱ།།


དེ་སྐད་དད་གསུམ་ཚང་ཚིང་ལས་བྱུང་ངག་རིག་དཔྱིད་དཔལ་ཕོ་ཉའི་དབྱངས།།

སྲོལ་རྒྱུན་སྙན་ཚིག་པི་ཝང་དང་བསྡེབས་མ་བཅོས་ཤར་མར་འཁྱུཊ་པའི་དགེ།།

བསྟན་འགྲོའི་ཉེར་འཚེ་མུན་པ་སེལ་ཕྱིར་རྣམ་དག་སེམས་ཀྱིས་ལེཊ་བསྔོ་བར།།

ཇི་བཞིན་འགྲུབ་པའི་མཐུན་འགྱུར་མཛོད་ཅིག་རྩ་གསུམ་རྒྱལ་བ་རྒྱ་མཚོ་ཀྱེ།།


ཞེས་པ་འདི་རིས་མེད་བསྟན་པའི་རྩ་ལག་དམ་པ་དོན་གྱི་སླད་དང་མཚན་ནས་སྨྲོས་ན།༧ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཅན།ཕ་ས་རྫ་གཞུང་ཕྱུག་མོའི་སྙན་ངག་པའི་མིང་སྟོང་ཙམ་འཛིན་པའི་ཧོར་འཕྲུལ་སྲས་ཨམ་དེས།རྒྱུ་མཚན་ཤེས་པའི་དད་པས་ཀུན་ནས་བསླངས་ཏེ་འབྲོག་ས་དག་པའི་ཞིང་ཁམས་ནས་དད་ཚོར་འགོག་མེད་ཅིག་གིས་སྐར་ཆ་རེ་ཟུང་ཡུན་ཤར་མར་འཁྱུགས་སོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།