གླིང་རྫ་རྒྱུད་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོའི་ཆོས་བརྡ།

༢༠༡༧ ལོའི་གླིང་རྫ་རྒྱུད་༧དཔལ་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོའི་གསལ་བརྡ།

བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཟླ་བ་༩ཚེས་༨ཕྱི་ཟླ་༡༠ཚེས་༢༨དེ། གླིང་རྫ་རྒྱུད་༧དཔལ་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོའི་ཉིན་གསུམ་པར་ཆེད་གདན་གཙོ་བཞུགས་བླ་མ། སྔ་འགྱུར་བསྟན་པའི་ཉི་གཞོན་མཁས་བཙུན་གྲུབ་པའི་དབང་ཕྱུག་༧དཔལ་རྒྱལ་བ་རྫོགས་ཆེན་པའི་སྐུ་ཕྲེང་བདུན་པ་༧སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གསེར་ཞལ་འཁོད་རྒྱུའི་རེ་སྨོན་ཟབ་ཕྱིར། གླིང་རྫ་རྒྱུད་༧དཔལ་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་མི་ཡོངས་དང་ཚོགས་གཙོ་ས་སྤྲུལ་རིན་པོ་ཆེ་བཀྲ་ཤིས་མགོན་པོའམ་ངག་དབང་སངས་རྒྱས་འཕ྄ིན་ལས་བསྟན་པའི་རྒྱལ་མཚན་མཆོག་སོགས་ཀྱིས་ཡུན་རིང་ཡང་སྐྱར་དུ་ནན་ཞུས་མཛད་མཐར། སྐུ་ཉིད་ཀྱིས་རིས་མེད་སྨོན་ལམ་ཆེན་མོ་འདི་གཙོས་རིས་སུ་མ་ཆད་པའི་འགྲོ་བའི་བསོད་ནམས་སུ་གཟིགས་ཏེ་ཚོགས་སུ་ཕེབས་རྒྱུ་ཞལ་གྱིས་བཞེས་པ་མ་ཟད། ཉིན་དེར་སེར་སྐྱ་ཡོངས་ལ་ཆོས་དང་འཇིག་རྟེན་ཐད་ཀྱི་བཀའ་སློབ་ཟབ་རྒྱས་གནང་རྒྱུའི་རེ་བསྐུལ་ཡང་འགྲུབ་ཅིང་དུས་གཏན་ཁེལ་བས། དོན་གཉེར་ཅན་ཀུན་གྱིས་རིན་ཐང་བྲལ་བའི་དུས་ཚིགས་དེ་ཐུགས་ངེས་ཞུའོ།།


                གླིང་རྫ་རྒྱུད་༧དཔལ་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་པས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།