རྫོགས་ཆེན་རིན་པོ་ཆེའི་གསུང་འཕྲིན།

རྫོགས་ཆེན་ཆོས་བརྒྱུད་དགོན་ལག་གཙོས་རིས་མེད་དགོན་པ་ཡོངས་ནས། སོ་སོའི་གནས་དུས་དང་བསྟུན་ཏེ་སྐྱེ་ཤིང་བཙུགས་ཐུབ་ན་ཆུང་ས་ནས་རང་གི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བས་ལུས་སེམས་ཀྱི་ཁམས་བདེ་བ་དང་། ཆེ་ས་ནས་སའི་གོ་ལའི་སྐྱེ་ཁམས་སྙོམས་སྒྲིག་གིས་གནམ་ས་བར་སྣང་རྒྱ་མཚོ་ན་གནས་པའི་སྲོག་ལྡན་ཡོངས་ཀྱི་འཚོ་གནས་ལ་ཕན་ཞིང་། མཐོ་སྒང་བོད་ཀྱིས་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་སུ་འགྱུར་བས་ཀུན་གྱིས་དོ་གལ་གནང་ཞིང་ལས་འགུལ་སྤེལ་བར་ཞུ། །  

བསྟན་འཛིན་ལུང་རྟོགས་ཉི་མ་ནས་ཞུ། 

1493959059482344.jpeg

རྫོགས་ཆེན་རིན་པོ་ཆེ།

བསྟན་བདག་ཁྲི་བ་མཆོག་གླིང་རིན་པོ་ཆེ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།