༢༠༡༨ ལོའི་རྫོགས་ཆེན་པདྨ་ཐང་གི་དབྱར་ཆོས་ཡེ་ཤེས་བླ་མ་མཇུག་གྲོལ་བ།

བོད་རྒྱལ་ལོ་ ༢༡༤༥ ས་ཁྱི་ལོའི་རྫོགས་ཆེན་ཡང་དབེན་པདྨ་ཐང་དུ། ཁྱབ་བདག་བླ་མ་རྫོགས་ཆེན་པདྨ་སྐལ་བཟང་གང་ཉིད་ཀྱིས་ལྗགས་རྩོམ་མཛད་པ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཟབ་ཆོས་ཁྲིད་ཡིག་ཡེ་ཤེས་བླ་མའི་འགྲེལ་ཆེན་ཀུན་བཟང་དགོངས་པའི་གཏེར་མཛོད་ཀྱི་ཕ་ཆོས་ཟབ་མོ་༼སྙན་བརྒྱུད་དོན་གྱི་མན་ངག་ངོ་མཚར་ནོར་བུའི་མེ་ལོང་ ༽སྐལ་ལྡན་འདུས་པ་རྒྱ་མཚོར་ཉིན་ལྔ་བཅུ་ལྷག་གི་རིང་ལ་ཆིག་བརྒྱུད་དུ་བཙལ་བ་དང་།  གཞན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་སྨིན་གྲོལ་དམ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། སྙིགས་མའི་དུས་ཀྱི་མཐའ་རུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པའི་སྙིང་པོ་ཆོས་ཀྱི་མཛད་པ་ཕྱོགས་དུས་ཀུན་ཏུ་དགེ་བར་མཛད་པའོ།།      

WechatIMG782.jpeg



གངས་ལྡན་ཉི་མ་ཤར་ལྷོའི་ས་སྤྱོད་ཞིང་།།

མཁས་གྲུབ་བྱེ་བའི་བསྟི་གནས་པདྨ་ཐང་།།

ལུང་རྟོགས་པདྨ་དགྱེས་པའི་དགའ་ཚལ་གྱི།།

བསྟན་རྒྱུན་སྲིད་མཐར་ཁྱབ་པའི་བཀྲ་ཤིས་ཤོག།

          

ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གིས། ༢༠༡༨-༨-༡༠ཉིན།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།