དེ་རིང་གི་འཕྲིན་བཟང་།

640.jpeg

ཆོས་བརྡ།

ཁྱབ་བདག་རྫོགས་ཆེན་པ་༧པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ནས། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ། འདི་ལོའི་བོད་ཟླ་དྲུག་པའི་ཚེས་བདུན་ཏེ། ཕྱི་ཟླ་བདུན་པའི་ཚེས་བཅུ་དགུ་ནས་དབུ་བཟུང་། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱས་ཁྲིད་ཁྲིད་སྦྱང་དང་བཅས་པ་ཉིན་ལྔ་བཅུ་ལྷག་རིང་གནང་རྒྱུའི་ངེས་གཏན་ཁེལ་བ་མ་ཟད། དེའི་རྗེས་འབྲེལ་དུ་སྨིན་དབང་ཉིན་ཁ་ཤས་དང་། བསྟན་འགྲོ་སྤྱིའི་ཞབས་རིམ་དུ་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བཅུ་བཞི་པ། བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཅས་འཚོགས་རྒྱུའི་སྔ་འཆར་འདི་ག་པདྨ་ཐང་བཞུགས་སྒར་གྱི་གཞུང་ལས་ཁང་ནས་ཇི་བཞིན་བཀོད་སྒྲིག་བྱེད་བཞིན་པ་དད་ལྡན་སློབ་ཚོགས་ཡོངས་ནས་ཐུགས་ངེས་གནང་འཚལ།  

རྫོགས་ཆེན་པདྨ་ཐང་གཞུང་ལས་ཁང་ནས།

ཕྱི་ལོ་༢༠༡༨ལོའི་ཟླ་༢པའི་༡༦ཉིན་སྤེལ།