སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་གི་སློབ་བསྡུ་བརྡ་ཁྱབ།

WechatIMG688.jpeg

སློབ་གྲྭ་ངོ་སྤྲོད།

སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གིས་ལོ་ངོ་བཅུ་ཕྲག་རིང་བོད་ལུགས་གསོ་བ་རིག་པའི་རྒྱུན་འཛིན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ་ཁམས་ཁུལ་གཙོས་བོད་མདོ་དབུས་ཁམས་གསུམ་དང་རྒྱ་ནག་གི་གྲོང་ཁྱེར་བཅས་སུ་བོད་ཀྱི་གསོ་རིག་གི་བསྟན་པ་སྤེལ་ཞིང་འགྲོ་བ་ནད་པ་མང་པོར་བདེ་ཐང་གི་ཕན་པ་བླ་མེད་བསྐྲུན་པའི་ཚད་ལྡན་བོད་ཀྱི་སྨན་པའི་དཔུང་སྡེ་སྐྱེད་སྲིང་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྲུབ་ཡོད།      

2018ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཆོག་མཆན་ཡིག་ཆ་(2017)ཨང་812ཐོབ་པ་བརྒྱུད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་མཉམ་འབྲེལ་གྱིས་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་རྫས་ཆེད་སྦྱོང་གི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཚོད་ལྟ་བྱེད་གནས་སུ་ཚུགས་ཤིང་།

2019ལོར་ཞིང་ཆེན་རིམ་པའི་དགེ་ཕྲུག་ལམ་ལུགས་ཀྱི་དངོས་གཞིའི་སློབ་གནས་དངོས་སུ་རིམ་པ་འཕར།   

2020ལོར་སྲོལ་རྒྱུན་བཟོ་རིག་འཛིན་གྲྭ་གསར་དུ་ཚུགས་ཤིང་ད་ལྟའི་བར་བོད་ཀྱི་གསོ་རིག་དང་བཟོ་རིག་སྲོལ་རྒྱུན་ལག་རྩལ་སློབ་གཉེར་བྱེད་སའི་སློབ་གསོའི་སྐྱེད་སྲིང་ར་བ་བཟང་ཞིང་ཡངས་པ་ཞིག་ཏུ་ཆགས་ཡོད་ལ། སློབ་གྲྭའི་འཁོར་ཡུག་དང་། སྒྲིག་ཆས། དགེ་རྒན།རིན་མེད་ཀྱི་འཚོ་བ་སོགས་གང་ཐད་ནས་ཆ་རྐྱེན་གང་ལེགས་བསྐྲུན་ཡོད།

WechatIMG679 1.jpeg

༢ ཆེད་སྦྱོང་ངོ་སྤྲོད།

སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་དུ་ད་ལྟ་ཆེད་གཉེར་རིགས་མི་འདྲ་བ་གཉིས་ལས།

༡ གསོ་བ་རིག་པ།   བོད་ཀྱི་གསོ་རིག་རྩ་བའི་གཞུང་ལུགས་རྒྱུད་བཞིས་ཁོག་ཕུབ། གསོ་རིག་མཁས་པའི་ཚད་ལྡན་གཞུང་བཤད་དང་ཉམས་མྱོང་མན་ངག་ཟབ་མོས་ཟུར་བརྒྱན་པའི་གཞུང་ལུགས་ཀྱི་འཆད་ཁྲིད་དང་།  སྨན་ཁང་ཡུལ་དངོས་ནས་ནད་ཐོག་དཔྱད་བཅོས་ཀྱི་ལག་ལེན་དམར་ཁྲིད། སྨན་རྫས་ངོ་སྤྲོད། སྨན་རྩྭ་དུས་སུ་བཏུ་ཚུལ།  སྨན་སྦྱོར་ལག་ལེན་བཅས་ཟུང་དུ་འབྲེལ་ཏེ། བརྒྱུད་པའི་དབང་ལུང་མན་ངག་གི་སྲོལ་རྒྱུན་མ་ཉམས་ཤིང་།  དེང་རབས་ཐབས་རྩལ་གྱི་གསར་གཏོད་སྤེལ་བ་བཅས། རིག་གཞུང་དང་ལག་ལེན། སྲོལ་རྒྱུན་དང་གསར་གཏོད་འབྲེལ་བའི་ཁྱད་ཆོས་ཅན་གྱི་བོད་ཀྱི་སྨན་པ་ཚད་ལྡན་གསོ་སྐྱོང་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།

WechatIMG682.jpeg

༢བཟོ་རིག་པ།  འདི་གའི་བཟོ་རིག་འཛིན་གྲྭའི་ཁྱད་ཆོས་ནི། བོད་མི་རིགས་ཀྱི་སྲོལ་རྒྱུན་ཐང་གའི་རི་མོའི་ལུགས་སྲོལ་ལས་སྨན་ལུགས་དང་ཀརྨ་སྒར་བྲིས་ཀྱི་རི་མོའི་སྒྱུ་རྩལ་བརྒྱུད་འཛིན་རྐང་ཟིན་པའི་ཐོག་དེང་རབས་རི་མོའི་སྒྱུ་རྩལ་དང་ཟུང་འབྲེལ་གྱི་འབྲི་ཚུལ་བཅས་དང་། ཆེད་ལས་སློབ་ཚན་ཁག་ཕུད་རྗེས་ད་དུང་ཆབ་སྲིད་དང་། རྒྱ་ཡིག  སེམས་ཁམས་རིག་པ། ལུས་རྩལ་སོགས་ཀྱི་སློབ་ཚན་ཡང་འཁྲིད་ཀྱིན་ཡོད།

WechatIMG681.jpeg

༣ སློབ་བསྡུ་བྱེད་ཐབས། 

ངེད་གསོ་དཔྱད་གླིང་གིས་སྔར་བཞིན་སྤྱི་ཚོགས་ལ་ཁ་ཕྱོགས་ནས་བོད་ལུགས་གསོ་རིག་ཆེད་སྦྱོང་འཛིན་གྲྭ་གཅིག་དང་བཟོ་རིག་ཆེད་སྦྱོང་འཛིན་གྲྭ་གཅིག་བསྡུ་རྒྱུ་ཡིན། སློབ་ཞུགས་ཆ་རྐྱེན་གཙོ་བོ་ནི་ཆབ་སྲིད་དང་ཁྲིམས་ལུགས་འགལ་མྱོང་མེད་པ། འགོས་ནད་རིགས་མེད་པ། ལོ་ཚད་16་ནས་24་བར།  དམའ་རིམ་མཐར་ཕྱིན་སློབ་མའམ་དམའ་རིམ་མཐར་ཕྱིན་གྱི་ཆུ་ཚད་ཡོད་པ་ཞིག་དགོས།

WechatIMG687.jpeg

སློབ་གཉེར་བརྒྱུད་རིམ།  གསོ་རིག་ཆེད་སྦྱོང་དང་བཟོ་རིག་ཆེད་སྦྱོང་གཉིས་ཀ་ལ་སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་ནས་སློབ་སྦྱོང་བྱས་པ་བརྒྱུད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གཅིག་གྱུར་ཐོག་སློབ་ཐོན་ལག་ཁྱེར་སྤྲད་རྒྱུ།

WechatIMG683.jpeg

གསལ་བཤད། ད་ལོ་ངེད་གསོ་དཔྱད་གླིང་གིས་གསོ་རིག་ཆེད་སྦྱོང་སློབ་མ་50དང་བཟོ་རིག་ཆེད་སྦྱོང་སློབ་མ་50བསྡུ་རྒྱུ་གཏན་ཁེལ་ཡིན་མོད། འོན་ཀྱང་སློབ་གྲྭའི་ཕྱི་ཕྱོགས་ནས་གསོ་རིག་འཛིན་གྲྭར་སློབ་མ་23བཟོ་རིག་འཛིན་གྲྭར་20 གྲ་སྒྲིག་འཛིན་གྲྭར་སློབ་མ་50ལས་བསྡུ་འཆར་མེད།

གསོ་རིག་ཆེད་ལས་ཚབ་ཨང་། 101400 

བཟོ་རིག་ཆེད་ལས་ཚབ་ཨང་། 143100

སློབ་ཁྲིད་བྱེད་ས།   སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་།

 WechatIMG686.jpeg

༤ རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་དང་ས་གནས།

རྒྱུགས་སྤྲོད་ཁ་ཕྱོགས། བོད་ཡིག་གི་རྨང་གཞི་དང་རྒྱ་ཡིག་གི་རྨང་གཞི་སྐོར་ཡིན།  

མིང་ཐོ་འགོད་པའི་དུས་ཚོད།  2021.6.3 ནས7.18 བར་ཡིན།   རྒྱུགས་སྤྲོད་དཔང་ཡིག 2021 ལོའི་ཟླ་7 ཚེས་19ཉིན་ལེན་དགོས། སྐབས་དེར་ཐོབ་དཔང་དང་ཁྱིམ་ཐོ་བསྐྱར་དཔར།  དེ་མིན་རྒྱབ་ལྗོངས་དམར་པོ་ཚོན་གཅིག་ཅན་གྱི་མགོ་པར་གཉིས་དགོས།  

མིང་ཐོ་འགོད་ས། སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་།

རྒྱུགས་ལེན་ས། སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་གླིང་།

རྒྱུགས་ལེན་དུས་ཚོད། 2021 ལོའི་ཟླ7 ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད་9:30—12:00 བར་ཡིན།

འབྲེལ་གཏུག་ཁ་པར།

དགེ་རྒན་ཀརྨ་ཆོས་སྒྲོན། 19982435706   

དགེ་རྒན་སྒྲོལ་མ།      18064997629 

དགེ་རྒན་ནོར་ལྡན།     18227466533


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།