2018 ལོའི་སྐལ་བཟང་ལེགས་སྐྱེས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ།

བོད་རབ་བྱུང་བཅུ་བདུན་པའི་རྣམ་འཕྱང་ས་ཕོ་ཁྱིའི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་ལྔ་སྟེ། སྤྱི་ལོ་2018 ཟླ་9 ཚེས་ 14 ཉིན་སྔ་འགྱུར་རྩ་བའི་གདན་ས་ཆེན་མོ་རུ་དམ་ཡང་དབེན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྤེལ་བ།

WechatIMG829.jpeg

སྐལ་བཟང་ལེགས་བྱས་ཚོགས་པའི་ཚོགས་གཙོ་ལྕམ་རིག་འཛིན་དབང་མོས་སྐལ་བཟང་ལེགས་བཤད་ཀྱི་བྱུང་རིམ་ངོ་སྤྲོད་གནང་བ།

IMG_7556.jpg

གྲུབ་དབང་རྫོགས་ཆེན་དགོན་གྱི་ལས་ཐོག་མཁན་པོ་ཐུབ་བསྟན་ཚེ་འཕེལ་ལགས་ཀྱིས་སྐལ་བཟང་ལེགས་སྐྱེས་ཀྱི་རིན་ཐང་སྐོར་གསུང་བཤད་གནང་བ།

“IMG_8047”的副本.jpg

རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་མཐོ་རིམ་ནང་བསྟན་སློབ་གླིང་གི མཁན་ཆེན་ཁྲི་རབས་སོ་དྲུག་པ་ཨ་ཆོས་མཆོག་ནས། འདས་པའི་ལོ་གཉིས་ཀྱི་སྐལ་བཟང་ལེགས་སྐྱེས་སིངྷ་བྷ་དྲའི་གཟེངས་རྟགས་ཕུལ་བའི་ལོ་རྒྱུས་ལ་རྗེས་དྲན་གྱི་གསུང་བཤད་གནང་བ།

IMG_7641.jpg

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་པ་པདྨ་འཇམ་དབྱངས་ལགས་ཀྱིས་རྒྱུགས་སྤྲོད་ཀྱི་དབྱེ་ཞིབ་དང་འབྲེལ་བའི་གསུང་བཤད་མཛད་པ།


སྡེ་སྣོད་འཛིན་པ་རྡོ་རྗེ་ཕུན་ཚོགས་ལགས་ནི། སྐུ་ཡུལ་ལི་ཐང་གེ་མང་ནས་ཡིན་པ་དང་། དགོན་པ་གེ་མང་དགོན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་གསུམ་བཞེས་ཤིང་།

༢༠༡༠ལོར་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་མོ་རུ་ཞུགས་པ་ནས། གཞུང་ཆེན་ཁག་ལ་ཐོས་བསམ་གནང་བ་སྟེ།

༢༠༡༡ལོར་ཚད་མ་རིག་གཏེར་གྱི་འཛིན་གྲྭའི་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༢ལོར་ཚད་མ་རྣམ་འགྲེལ་གྱི་འཛིན་གྲྭའི་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༣ལོར་རྣམ་འགྲེལ་འཛིན་གྲྭའི་ལོ་ཕྱེད་རྒྱུགས་ཀྱི་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༤ལོར་ཀ་གཞི་དགོན་གྱི་འཇང་དགུན་ཆོས་སྐབས་ཨང་རིམ་དང་པོའི་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༥ལོར་སླར་ཤྲཱི་སེང་ཆོས་གྲྭའི་རྣམ་འགྲེལ་འཛིན་གྲྭའི་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༦ལོར་ཕར་ཕྱིན་འཛིན་གྲྭའི་ལོ་ཕྱེད་རྒྱུགས་ལ་ཨང་གཉིས་པ་དང་། ལོ་མཇུག་རྒྱུགས་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ།

༢༠༡༧ལོར་སླར་ཡང་ཕར་ཕྱིན་འཛིན་གྲྭའི་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

ད་ལྟ་ཤྲཱི་སེང་ཆོས་གྲྭར་མངོན་པ་མཛོད་ལ་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་མངོན་པ་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། ཕར་ཕྱིན་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར། རྒྱུགས་འབྲས་ཁྱད་དུ་འཕགས་པ་ཐོན་ཏེ། ཁོང་ལ་སིངྷ་བྷ་དྲ་ཨང་དང་པོའི་གཟེངས་རྟགས་སུ། ཨང་དང་པོའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་ལྔ་བཅས་ཐོབ།

WechatIMG50.jpeg

སྡེ་སྣོད་འཛིན་པ་ངག་དབང་རྒྱལ་བ་ལགས་ནི། སྐུ་ཡུལ་ཡུལ་ཤུལ་ཁྲི་འདུ་རྫ་སྟོད་ནས་ཡིན་པ་དང་། དགོན་པ་སྔ་འགྱུར་སྐྱེན་པོ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་བརྒྱད་བཞེས་ཤིང་།

༢༠༠༦ལོར་སེར་ཤུལ་དགོན་མཚན་ཉིད་གྲྭ་ཚང་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ནས་དབུ་མ། ཕར་ཕྱིན། ཚད་མ་གསུམ་ལ་ཐོས་བསམ་གནང་སྟེ་ཆོས་གྲྭ་དེར།

༢༠༡༥ལོར་སྐབས་གཉིས་པའི་ཕར་ཕྱིན་རབ་འབྱམས་པ་ཨང་རིམ་དང་པོ་དང་།

༢༠༡༧ལོར་སྐབས་གསུམ་པའི་དབུ་མ་རབ་འབྱམས་པ།

༢༠༡༨ལོར་མདོ་སྟོད་འཇང་དགུན་ཆོས་ཀྱི་སྐབས་གཉིས་པའི་ཚད་མ་རབ་འབྱམས་པ་ཨང་རིམ་དང་པོའི་དང་པོ་བཅས་ཀྱི་བསླབ་གནས་བླངས།

ད་ལྟ་རྫ་སེར་ཤུལ་དགོན་དུ་འདུལ་བ་ལ་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་དབུ་མ་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། ཕར་ཕྱིན་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར། རྒྱུགས་འབྲས་ཁྱད་དུ་འཕགས་པ་ཐོན་ཏེ། ཁོང་ལ་སིངྷ་བྷ་དྲ་ཨང་དང་པོའི་གཟེངས་རྟགས་སུ། ཨང་དང་པོའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་ལྔ་བཅས་ཐོབ།

WechatIMG62.jpeg

སྡེ་སྣོད་འཛིན་པ་འཇིགས་མེད་བསྟན་འཛིན་ལགས་ནི། སྐུ་ཡུལ་རྟའུ་རྫོང་གཡུ་ཁོག་ཆུ་དམར་ཡུལ་ཚོ་ནས་ཡིན་པ་དང་། དགོན་པ་གཡུ་མཁར་ཐེག་ཆེན་མདོ་སྔགས་ཆོས་འཁོར་གླིང་ནས་ཡིན། ད་ལོར་དགུང་གྲངས་སུམ་ཅུ་བཞེས་ཤིང་། སྔོན་རྗེས་སུ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། སེར་ཤུལ་དགོན་མཚན་ཉིད་གྲྭ་ཚང་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་གཞུང་ཆེན་ཁག་ལ་ཐོས་བསམ་གནང་།

༢༠༡༧ལོར་སེར་ཤུལ་དགོན་མཚན་ཉིད་གྲྭ་ཚང་དུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག

ད་ལྟ་རྫ་སེར་ཤུལ་དགོན་དུ་དབུ་མའི་གཞུང་ལ་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་ཕར་ཕྱིན་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། དབུ་མ་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར། རྒྱུགས་འབྲས་ཤིན་ཏུ་ལེགས་པ་ཐོན་པས། ཁོང་ལ་སིངྷ་བྷ་དྲ་ཨང་གཉིས་པའི་གཟེངས་རྟགས་སུ། ཨང་གཉིས་པའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་གསུམ་བཅས་ཐོབ།

1536892692186833.jpegསྡེ་སྣོད་འཛིན་པ་བསྟན་པ་དར་རྒྱས་ལགས་ནི། སྐུ་ཡུལ་རྟའུ་རྫོང་ནས་ཡིན་པ་དང་། དགོན་པ་རྒྱལ་འཕགས་བཀྲ་ཤིས་ཆོས་གླིང་བཤད་སྒྲུབ་བསྟན་པའི་དགའ་ཚལ་ནས་ཡིན། ད་ལོར་དགུང་གྲངས་ཉེར་དྲུག་བཞེས་ཤིང་།

༢༠༠༦ལོར་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་མོ་རུ་ཞུགས་པ་ནས། གཞུང་ཆེན་ཁག་ལ་ཐོས་བསམ་གནང་། 

རྣམ་འགྲེལ་ལོ་བཞི་ལ་ཐོས་བསམ་གནང་པས་ལོ་རྗེས་མའི་ལོ་མཇུག་རྒྱུགས་ཆེན་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

དབུ་མ་ལོ་གཉིས་ལ་ཐོས་བསམ་གནང་པས་ལོ་རྗེས་མའི་ལོ་ཕྱེད་དང་ལོ་མཇུག་གཉིས་ཀའི་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

ད་ལྟ་ཤྲཱི་སེང་ཆོས་གྲྭར་ཕར་ཕྱིན་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་ཕར་ཕྱིན་འཆད་རྒྱུགས་དང་། དབུ་མ་རྩོད་རྒྱུགས། རྣམ་འགྲེལ་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར། རྒྱུགས་འབྲས་ཤིན་ཏུ་ལེགས་པ་ཐོན་པས། ཁོང་ལ་སིངྷ་བྷ་དྲ་ཨང་གཉིས་པའི་གཟེངས་རྟགས་སུ། ཨང་གཉིས་པའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་གསུམ་བཅས་ཐོབ།

སྡེ་སྣོད་འཛིན་པ་བསྟན་པའི་སྒྲོན་མེ་ལགས་ནི། སྐུ་ཡུལ་རྔ་བ་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་བརྡལ་ནས་ཡིན་པ་དང་། དགོན་པ་མདོ་སྨད་འབའ་ཡུལ་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོ་ནས་ཡིན། ད་ལོར་དགུང་གྲངས་ཉེར་གཉིས་བཞེས་ཤིང་། 

༢༠༡༡ལོ་ནས་སེང་ཁྲི་ཆོས་གྲྭ་ཆེན་མོར་གཞུང་ཆེན་ཁག་ལ་ཐོས་བསམ་བྱས།

༢༠༡༣ལོར་རིགས་གཏེར་འཛིན་གྲྭའི་ལོ་མཇུག་རྒྱུགས་ལ། འཆད་རྒྱུགས་དང་བགྲོ་གླེང་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༤ལོར་རྣམ་འགྲེལ་འཛིན་གྲྭའི་ལོ་ཕྱེད་དང་ལོ་མཇུག་རྒྱུགས་ལ། འཆད་རྒྱུགས་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༥ལོར་ཚད་མ་འཛིན་གྲྭའི་ལོ་མཇུག་རྒྱུགས་ལ། འཆད་རྒྱུགས་དང་བློ་རྒྱུགས། བགྲོ་གླེང་། དཔྱད་རྩོམ་བཅས་ཀྱི་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༧ལོར་དབུ་མ་འཛིན་གྲྭའི་ལོ་མཇུག་རྒྱུགས་ལ། འཆད་རྒྱུགས་དང་ཤོག་རྒྱུགས། བློ་རྒྱུགས་བཅས་ཨང་དང་པོ་དང་། དཔྱད་རྩོམ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

ད་ལྟ་སེང་ཁྲི་ཆོས་གྲྭར་མུ་མཐུད་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་དབུ་མ་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། ཕར་ཕྱིན་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར། རྒྱུགས་འབྲས་གཟེངས་སུ་ཐོན་པས། ཁོང་ལ་སིངྷ་བྷ་དྲ་ཨང་གསུམ་པའི་གཟེངས་རྟགས་སུ། ཨང་གསུམ་པའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་གཉིས་བཅས་ཐོབ།

WechatIMG52.jpeg

སྡེ་སྣོད་འཛིན་པ་ཀུན་བཟང་བདེ་ཆེན་ལགས་ནི། སྐུ་ཡུལ་སྡེ་དགེ་རྫོགས་ཆེན་ནས་ཡིན་པ་དང་། དགོན་པ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་བརྒྱད་བཞེས་ཤིང་།

༢༠༡༡ལོར་རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་མོར་ཞུགས་ཏེ་གཞུང་ཆེན་ཁག་ལ་ཐོབ་བསམ་གནང་བ་སྟེ།

༢༠༡༡ལོར་རིགས་གཏེར་འཛིན་གྲྭའི་ལོ་ཕྱེད་རྒྱུགས་ལ་ཨང་གསུམ་པ་དང་ལོ་མཇུག་རྒྱུགས་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

༢༠༡༣ལོར་རྣམ་འགྲེལ་འཛིན་གྲྭའི་ལོ་ཕྱེད་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༤ལོར་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་ཆེན་མོ་ཐེངས་བཅུ་པའི་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༥ལོར་ཤྲཱི་སེང་ཆོས་གྲྭའི་རྣམ་འགྲེལ་འཛིན་གྲྭའི་ལོ་ཕྱེད་རྒྱུགས་ལ་ཨང་དང་པོ་དང་ལོ་མཇུག་རྒྱུགས་ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ།

༢༠༡༦ལོར་དབུ་མ་འཛིན་གྲྭ་འོག་མའི་ལོ་ཕྱེད་དང་ལོ་མཇུག་རྒྱུགས་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

༢༠༡༧ལོར་དབུ་མ་འཛིན་གྲྭ་གོང་མའི་ལོ་མཇུག་རྒྱུགས་ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

ད་ལྟ་ཤྲཱི་སེང་ཆོས་གྲྭར་ཕར་ཕྱིན་ལ་ཐོས་བསམ་གནང་བཞིན་ཡོད

ཐེངས་འདིར་དབུ་མ་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། ཕར་ཕྱིན་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར་རྒྱུགས་འབྲས་གཟེངས་སུ་ཐོན་པས། ཁོང་ལ་སིངྷ་བྷ་དྲ་ཨང་གསུམ་པའི་གཟེངས་རྟགས་སུ། ཨང་གསུམ་པའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་གཉིས་བཅས་ཐོབ།

སྡེ་སྣོད་འཛིན་པ་ཤེར་མགོན་ལགས་ནི། སྐུ་ཡུལ་རྫ་ཆུ་ཁ་དཔོན་རུ་སྡེ་བ་ནས་ཡིན་པ་དང་། དགོན་པ་དཔོན་རུ་དགོན་མདོ་སྔགས་བཤད་སྒྲུབ་ཆོས་གླིང་ནས་ཡིན། ད་ལོར་དགུང་གྲངས་ཉེར་གཉིས་བཞེས་ཤིང་། 

༢༠༠༩ལོ་ནས་སེར་ཤུལ་དགོན་མཚན་ཉིད་གྲྭ་ཚང་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་གནང་།

༢༠༡༧ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག

ད་ལྟ་རྫ་སེར་ཤུལ་དགོན་དུ་གཞུང་ཆེན་ཁག་ལ་ཐོས་བསམ་གནང་བཞིན་ཡོད།

ཐེངས་འདིར་ཕར་ཕྱིན་འཆད་རྒྱུགས་དང་། རྣམ་འགྲེལ་རྩོད་རྒྱུགས། དབུ་མ་དཔྱད་རྩོམ་བཅས་ཀྱི་རྒྱུགས་སྤྲད་པར་རྒྱུགས་འབྲས་གཟེངས་སུ་ཐོན་པས། ཁོང་ལ་སིངྷ་བྷ་དྲ་ཨང་གསུམ་པའི་གཟེངས་རྟགས་སུ། ཨང་གསུམ་པའི་གཟེངས་རྟགས་དཔང་ཡིག་དང་རྟགས་མ། ད་དུང་གཟེངས་རྟགས་དངུལ་སྒོར་ཁྲི་གཉིས་བཅས་ཐོབ།

པདྨའི་འོད་སྣང་ཚོགས་པའི་ཚོགས་གཙོ། མཁན་སྤྲུལ་མཐུ་སྟོབས་རྡོ་རྗེ་རིན་པོ་ཆེ་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་ཤེས་བྱ་ཀུན་གཟིགས་རྣམ་གཉིས་ཀྱིས་སིངྷ་བྷ་དྲ་ཨང་རིམ་གསུམ་པའི་མཚན་བྱང་གསལ་བསྒྲགས་དང་གཟེངས་རྟགས་གནང་བ།

IMG_7875.jpg

རྫོགས་ཆེན་ཤྲཱི་སེང་དཔལ་གྱི་ནཱ་ལེནྡྲའི་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་ཆེན་ཁྲི་རབས་སོ་བཞི་པ། མཁན་ཆེན་ཨོ་རྒྱན་རིག་འཛིན་མཆོག་དང་། མདོ་སྨད་འབའ་ཡུལ་སེང་ཁྲི་ཆོས་གྲྭ་ཆེན་མོའི་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་སྙན་གྲགས་རྣམ་གཉིས་ཨང་གཉིས་པའི་མཚན་བྱང་གསལ་བསྒྲགས་དང་གཟེངས་རྟགས་གནང་བ། 

IMG_7962.jpg

རྫོགས་ཆེན་པདྨ་ཐང་གི་བསྟན་བདག་མུ་ར་རིན་པོ་ཆེ་དང་། རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་ཆེན་མོ་དཔལ་ལྡན་དོན་འགྲུབ་རྣམ་གཉིས་ཀྱིས་མཚན་བྱང་གསལ་བསྒྲགས་དང་སིངྷ་བྷ་དྲའི་གཟེངས་རྟགས་གནང་བ།

“IMG_0837”的副本.jpg

མདོ་འཛིན་པ།  སི་ཁྲོན་བོད་སྐད་རླུང་འཕྲིན་ཁང་གི་བདེ་མཆོག་སྐྱབས།    ཨ་མདོ་བརྙན་འཕྲིན་ཁང་གི་ཚེ་སྒྲོན།

WechatIMG831.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།