རྫོགས་ཆེན་སྨྱུག་འཛིན་ཚོགས་པས་2024 ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་སྟོན་སྤེལ་བ།

IMG_5197.JPG

དཔྱིད་ཀྱི་མེ་ཏོག་སྣ་བརྒྱའི་མཛེས་སྡུག་གི་རྣམ་རིས་འདྲ་མིན་བཀྲ་ཞིང་སྲིད་པ་གངས་ཀྱི་ཡུལ་ལྷ་ཁྲོ་རི་ཟིལ་ཁྲོམ་རྡོ་རྗེའི་རྔམ་བརྗིད་ཀྱི་ཞལ་རས་དཀར་པོ་རྟག་པར་རུ་དམ་སྐྱིད་ཕྲམ་གྱི་ལུང་པའི་ཁ་ཕྱོགས་སུ་བཞད་པས།  ཡུལ་འདིའི་སྣོད་བཅུད་ཀྱི་དགེ་མཚན་ཀུན་ནས་ཤིས་ཤིང་ཆོས་སྲིད་ཀྱི་དབུ་འཕང་བསྟོད་པའི་རྟེན་འབྲེལ་ངང་གིས་འགྲིག 

DSC02263.JPG


སྤྱི་ལོ་2024 ཟླ 4 ཚེས་30 ཉིན་ཏེ་བོད་རབ་རྒྱན་ཤིང་འབྲུག་ལོའི་ཟླ་༣ ཚེས་༢༢ ཉིན་རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སྣ་འཛོམས་རྫོགས་ཆེན་ཤྲཱི་སེང་ཀུན་དགའ་ར་བའི་ཚོམས་ཆེན་དུ་སྤེལ།

WechatIMG268.jpg

IMG_2425.JPG



ཚོགས་ཐོག་ཏུ་རྫོགས་ཆེན་ཤྲཱི་སེང་ན་ལེནྡྲའི་མཁན་ཆེན་ཁྲི་པ་པདྨ་འཇམ་དབྱངས་ལགས་ཀྱིས་ཡིག་གཟུགས་འགྲེམས་སྟོན་དུ་ཕེབས་ནས་བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་བྱུང་འདས་དང་དགེ་སློབ་ཚོའི་སྦྱོང་འབྲས་ཡར་རྒྱས་གོང་འཕེལ་ལ་བསྔགས་བརྗོད་གནང་བ་དང་སླད་མར་གངས་ཅན་བོད་ཀྱི་ཆོས་རིག་འཛིན་སྐྱོང་དར་སྤེལ་དགོས་པའི་གལ་ཆེའི་བཀའ་སློབ་གནང་། 

DSC02279.JPG


ཐེངས་འདིའི་ཡིག་གཟུགས་མཛད་སྒོར་༸ ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེའི་ངོ་མཚར་རྨད་དུ་བྱུང་བའི་ཐུན་མིན་གྱི་རྫོགས་བྲིས་དང་།  དཔང་ལོ་ཙཱ་བ་ནས་བརྒྱུད་པ་དང་སྡེ་བྲིས་ལུགས་ཀྱི་དབུ་ཅན།  ལཉྩ།  འབྲི་ཚ་སོགས་ཡིག་གཟུགས་ཀྱི་དངོས་རྒྱུགས་བླངས་ཤིང་གྲུབ་འབྲས་ཕུན་སུམ་ཚོགས་པར་གཟིགས་བཟོས་ཀྱི་བྱ་དགའ་ཕུལ།  ཡུལ་ངོས་ནས་དགེ་སློབ་ཐུན་མོང་གིས་དཀའ་སྤྱད་འབད་བརྩོན་ལྷུར་ལེན་གནང་བའི་སྦྱངས་འབྲས་ལ་བསྔགས་བརྗོད་དང་ཁོང་ཚོའི་མ་འོངས་པར་མཛད་པ་དགེ་ཞིང་བཀྲ་ཤིས་པའི་སྨོན་ཚིག་ཕུལ།

WechatIMG1400.jpg


DSC01293.JPG


འགྲེམས་སྟོན་གྱི་ཡུལ་ངོས་སུ་རྫོགས་ཆེན་དགོན་ཡུལ་གྱི་བྲིས་པ་རྒན་གཞོན་མང་པོ་ཕེབས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་ཚིག་ལམ་ནས་སོ་སོའི་བྲིས་རྩལ་ངོམས་པ་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བ་ལ་མཉམ་ཞུགས་ཀྱིས་དགའ་སྤྲོའི་འཛུམ་མདངས་དང་མདུན་སྐྱོད་ཀྱི་སྤོབས་པ་བསྩལ།


WechatIMG2330.jpg


རྫོགས་ཆེན་སྨྱུག་འཛིན་ཚོགས་པས་ཐེངས་འདིའི་ཡིག་གཟུགས་དུས་ཆེན་གྱི་བཤམ་སྟོན་ལ་གནའ་བོའི་ཡིག་གཟུགས་བརྒྱ་རྩ་བརྒྱད་དང་༸ ཁྱབ་བདག་རྫོགས་ཆེན་པའི་ཕྱག་བྲིས་སྣ་ཚོགས། རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་མཆོག་གི་ལྗགས་རྩོམ་དང་ཕྱག་བྲིས།  སྡེ་དགེའི་གནའ་བྲིས་དང་ཡིག་བྲིས། ཁྱུང་བྲིས། ལཉྩ། དབུ་ཅན། འབྲུ་ཚ། སུག་རིང་། སུག་ཐུང་། ཚུགས་ཆུང་། ཧོར་ཡིག རྒྱུག་བྲིས།  འཁྱུགས་བྲིས་སོགས་ཡིག་གཟུགས་སྣ་༢༠ ལྷག་དང་བརྩམས་ཆོས་བརྒྱ་སྟོང་མང་པོ་བཤམ་སྟོན་གནང་།

WechatIMG252.jpg


WechatIMG260.jpg

WechatIMG259.jpg


བོད་ཀྱི་ཡིག་གཟིགས་དུས་སྟོན་གྱི་མཛད་སྒོ་ལ་ཆོས་གྲྭའི་མཁན་སློབ་རྣམས་དང་ཡིག་གཟུགས་སྒྱུ་རྩལ་ལ་དུང་བའི་རྒན་རབས་པ་དང་ས་གནས་ཀྱི་སློབ་གྲྭའི་དགེ་རྒན་དང་སློབ་མ། ལྷ་བཟོ། ལྟད་མོ་བ་སོགས་ཀྱི་འདུས་པ་རྣམས་སྔ་མོ་ནས་ཕེབས་ཏེ་འཚང་ཁ་ཤིག་ཤིག་གིས་ཡིག་གཟུགས་སྣ་བརྒྱའི་བཤམ་སྟོན་ལ་གཟིགས་ནས་ལག་གིས་པར་བརྙན་གྱི་ལས་ལ་བྲེལ། 

WechatIMG264.jpg


ཡུལ་ངོས་ནས་ད་དུང་སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོའི་སྙན་རྩོམ་དང་རྫོགས་བྲིས་ཀྱི་ཁྱད་ཆོས་བརྗོད་པ་བཅུ་དྲུག་ལྷ་མོའི་འཇོ་སྒེག་སོགས་སྙན་ངག་གྱེར་འདོན་བྱས།

DSC02359.JPG


DSC02219.JPG

DSC02247.JPG

WechatIMG255.jpg

DSC02346.JPG

DSC01312.JPG

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།