
གཟིམས་སོང་བའི་མཆོད་མེ་དེ།
ཁྱིམ་གྱི་ཞང་རྒན་ལགས་འདས་རྗེས་སུ་བྲིས།
ཤིན་ཏུ་ཆུང་བའི་ང་ཡི་གཞིས་ཀ་འདི་ནས
ལོ་རྒན་དྲུག་ཅུའི་རྒས་མིང་ཁུར་བའི་བགྲེས་པོ་ཞིག་བཞུད་སོང
ཨོ ཁྱེད་རང་ལ་ཉོན་མོངས་པ་གང་ཡང་མེད་པས
འོད་ཀྱི་གླེགས་བམ་ཆེན་པོ་ཞིག་ཡིན
དུས་ཚོད་ཀྱི་གཙང་བོ་མ་ལུས
ཤིན་ཏུ་རྒྱང་རིང་བའི་གནས་སུ་བཞུར་འགྲོ་བ་བཞིན
ང་ཡི་བགྲེས་པོ་ཁྱེད་ཀྱང
དེ་རིང་ནས་ང་ཚོ་དང་གཏན་དུ་འཕྲད་མི་སྲིད་པའི་ཞིང་ཁམས་ཤིག་ཏུ་གཤེགས
དུས་ཚོད་སོང་ན་སོང གཙང་བོ་བཞུར་ན་བཞུར
ཁྱེད་རང་བཞུད་པ་འདི་སེམས་ཀྱིས་བཟོད་དཀའ་བ་ཞིག
ཁྱེད་རང་བཞུད་པ་འདི་ཡིད་ནས་འབོར་དཀའ་བ་ཞིག
2026-7-15
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།